e-texts navigator
Collection
Volume
Page
Wylie

1b1 ཐུགས་ཀྱི་ཡང་མྱིང་མ་མོ་འབུམ་ཏིག་གི་རྒྱུང་། བཅོམ་ལྡན་འདས་པའ་ལ་ཧེ་རུ་ཀ་རྟག་པ
1b2 ཆེན་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ཁྱབ་གདལ་བའི་རང་བཞིན་ལ། ཡུམ་ལས་དངོས་གྲུབ་ཆེན་པོར་བསྟན་པ་དང་། ཐུགས
1b3 ཀྱི་སྒྲོམ་བུ་ལས་བྱུང་བའི།། དགོངས་པའི་གནག་པ་མཐར་ཕྱིན་པའི་དོན་དུ་གསུངས་པ་ལས། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། འཇིག
1b4 རྟེན་པའི་ཆོས་རྣམས་ལས།། སེམས་ཉིད་ཇི་ལྟར་མྱ་ངན་འདའ།། རྟག་ཆད་རྣམ་གཉིས་གང་དུ་བསྡུ།། ཡང་དག་རྫོགས་ཀྱི་བཀའ་སྩོལ
1b5 གཅིག། དེ་སྐད་གསོལ་བ་གསན་ནས་ཀྱང་།། ཉི་ག་གཅིག་ཡབ་ཀྱིས་བཀའ་སྩལ་པ།། ཉོན་གཅིག་གཡུང་དྲུང་ཡང་དག་པ།། སྣོད་ཀྱི




iiif viewer powered by OpenSeadragon

1a - 2a

Texts on this page

Gkk1.1 - thugs kyi yang snying ma mo 'bum tig gi rgyud