| | e-texts navigator
|
197a1 བོར་ནས་ས་བཞིར་གྱུར་པ་ནི།། དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར།། མགོ་ནི་ལྷོ་ནུབ་འཚམས་སུ་བསྟན།། རྐང་པ་བྱང་ཤར་མཚམས་སུ་བསྟན།། ལག་པ་གཡས
197a2 གཡོན་གཉིས་སྦྱང་ཏེ།། མགོ་དང་ལུས་སྙིང་ཡན་ལག་ནི།། དུར་ཁྲོད་བརྒྱད་དུ་བསྟན་པ་ལས།། ཐུགས་རྗེ་རྐྱེ་ནི་བརླབ་ཀྱིས།། དུར་ཁྲོད་གནས་སུ་སྦྱང་བའི་ཕྱིར།། རོའི་བསྲུངས
197a3 མཆེན་མེ་ནི།། མུ་མོ་ཆེན་མོ་བརྒྱད་བཞག་གོ། དེའི་གནས་རྟེན་ཆེན་མོ་ཡིན།། མཆོད་རྟེན་ཆེན་པོ་གཟི་ལྡན་ཅན།། རང་བྱུང་རེ་རེ་བཞག་པ་ཡིན།། དེའི་ལུས་སྙིང་མ་ག་ཏེ།།
197a4 དུར་ཁྲོད་ཆེན་པོའི་བསིལ་བའི་ཚལ།། མ་མོ་ཆེན་མོ་ཀོ་རི་མ།། མཁས་ཤིང་སྙིང་སྟོབས་ཆེ་བའི་ས།། མཆོད་རྟེན་མིང་ནི་བདེ་བྱེད་ལགས།། དེའི་མགོ་ནི་ལྷོ་ཕྱོགས་ཀྱི།། དུར་ཁྲོད་ཆེན
197a5 བཻར་བཞག་པ་ཡིན།། སིདངྒ་ཡུལ་གྱི་གླིང་བྲེན་ཡིན།། མ་མོ་ཆེན་མོ་ཙེ་རི་མ།། མཐོང་ཐོས་རྣམ་པར་འཕྲུལ་བག་མངའ།། མཆོད་རྟེན་རི་བོ་ཏཱ་ན་ལ།། ལག་པ་གཡས་པ་ཤར་ལྷོ་འཆམ།།
197a6 དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན།། མ་མོ་ཆེན་མོ་པུ་ཀ་སི།། ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ།། མཚོན་རྟེན་ཁ་ཤོ་བྱ་ཁྲི་ཁ།། ལུགས་པ་ལྷོ་ནུབ་འཚམས།། དུར་ཁྲོད་ཆེན་པོ་ལིའི་ཡུལ།
197a7 མ་མེ་ཆེན་མོ་བེ་ཏ་ལི།། ཕྱག་ན་རྡོ་རྗེ་དབང་གི་གནས།། དེ་ན་མཐུ་དང་དབང་ཡང་ཆེ།། གྱད་ཡུལ་མཆོད་རྟེན་གོ་མ་ལ།། རྐང་པ་གཡས་པ་བྱང་ཤར་འཚམ།། དུར་ཁྲོད་ཆེན་པོའི་ལིའི་ཡུལ།།
iiif viewer powered by OpenSeadragon
196b - 197b