| | e-texts navigator
|
196b1 ཤེས་རབ་རོལ་པ་མཛད།། ཞལ་ནས་གདུག་པའི་ཚིག་འདི་བརྗོད།། ང་ནི་ཤིན་ཏུ་སྒྲིབ་ཤིང་སྐྱེམས།། ང་ནི་སངས་རྒྱས་ཉིན་ཤ་ཅན།། དུས་གསུམ་སངས་རྒྱས་ཟོས་པས་ངམ་འགྲངས།
196b2 དུད་འགྲོ་ཀུན་ཟ་བཀྲེས་ལ་སྐོམ།། འཇིག་རྟེན་ལྷ་མི་འགའ་ཙམ་བསད་པ་ལ།། བསོད་མ་འཇིག་སུ་རུང་ཞེས་སྐྲག། འཇིག་བྱེད་ང་ལྟ་བུ་ལ་འདི་སྐད་བྱ།། གང་གི་བསོད་པར་འདོད་ཀྱང་མི
196b3 གཏོང་ངོ་།། རབ་ཏུ་རྔམ་པའི་ཚིག་དེ་བོས་ཙམ་གྱི།། བདུད་ལ་སོགས་ཏེ་སྲིན་པོ་ཐམས་ཅད་ཀུན།། རབ་ཏུ་སྐྲག་ཏེ་ཚིག་དུ་འདི་སྐད་སྨྲས།། མི་བྱེད་ཐོང་ཟོང་རྒྱལ་པོ་མི་བྱེད་ཟོང་།། ཅི་སྟེ
196b4 སངས་རྒྱས་ཆོས་དང་དགེ་འདུན་འམ།། སྙོམ་པའི་སྙིང་རྗེ་ཁྱོད་ལ་མི་མངའ་འམ།། ཡུན་དུ་འབངས་བགྱིད་ངེས་པའི་བྲོས་དོར་ཞེས།། གདུང་བས་ཁས་ལེན་སྨྲ་ཡོད་མ་གཏང་སྟེ།།
196b5 གཟིར་མནོན་ཕྱག་རྒྱ་ཆེན་པོས་མ་གཏང་སྟེ། འདར་ཞིང་ཐར་མེད་དྲུང་ན་ཉིན་ཅིང་འཁོར།། དེའི་འཁོར་དང་སླས་དང་བྲན་དུ་བཅས།། འདར་ཞིང་སྐྲག་ནས་གཅེར་བུ་བཞིན་དུ་གནས།།
196b6 ཕྲ་མེན་སྦྱང་ཀི་ལས་ཀྱི་རྒྱལ་པོའི་རྒྱུད་ལས། སྔོན་འབྱུང་བའི་གླེང་བཞིའི་ལེའུ་སྟེ་དང་པོའོ།། །། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདས་པའི་དུས
196b7 ན་སྔོན་བྱུང་བ།། བདུད་དང་གཤིན་རྗེ་དབང་ཕྱུག་དེ།། དཔལ་ཆེན་ཡགཀྵ་ཧེ་རུ་ཀས།། ཐུགས་རྗེ་ཆེད་མེད་བཞི་བསྒྲལ་ཏེ།། རོའི་ཉལ་ཐབས་གན་རྒྱལ་དུ།། འཛམ་གླིང་ལྷའི་གླིང་ཁམསུ།
iiif viewer powered by OpenSeadragon
196a - 197a