| | e-texts navigator
|
196a1 པའི་སྟོབས་ཀྱི་གར་བྱེད་པ།། སྐུའི་སྤྲུལ་པ་ས་ཚོགས་ཀྱི།། འཇིག་རྟེན་གསུམ་པོ་རབ་བཀང་ནས།། སྲིད་པ་གསུམ་ཡང་དུས་གཅིག་གཡོས།། ཉི་མ་འབྲུ
196a2 གྱི་འོད་གསལ་བས།། དྲེགས་པ་ཀུན་ཀྱང་ཚིག་ཅིང་འཕྲོས།། འབྲུག་སྟོངས་མང་པོའི་སྒྲ་བསྒྲགས་པས།། གདུག་པ་མ་ལུས་རྒྱལ་ཞིང་སྐྲག། སླན་ཆད་སྡོམ་ཞེས་བྱ་བ་དང་།། འབད
196a3 སུ་མཆི་ཞེས་གྲོས་བོར་ཀྱང་།། ཐུགས་རྗེའི་དེའི་ཁར་མ་གཏང་།། སྲིན་པོའི་ཆུང་མ་སྲིན་མོ་གཏུམ།། སྤུག་ནག་ཀྲོ་ཏི་ཤ་རི་དེ།། དཔལ་ཆེན་འབར་བའི་ཐུགས་ཡིས།། ཕྱག་བརྒྱ་བཞི
196a4 བོས་དབང་དུ་སྡུད།། ཐབས་དང་ཤེས་རབ་རོལ་པ་ལས།། བྱང་ཆུབ་སེམས་ཀྱི་བྱིན་བརླབས་ཀྱི།། དཔལ་ཆེན་རཀྵ་ཧེ་རུ་ཀ་དང་།། རྔམ་པའི་ཚུལ་གྱིས་ཕྱིར་ཐོན་ཏེ།། སྐུ་ཆེ་ཡན
196a5 ལག་རགས་པ་དང་།། ཞལ་དགྲད་མཆེ་བ་གཅགས་པ་ཡི།། འཇིག་རྟེན་ཁམས་ཀུན་གང་བྱས་ཤིང་།། བདུད་དང་གཤིན་རྗེ་སྲིན་པོ་དང་།། གདུག་པ་མ་ལུས་སྐྲག་པར་མཛད།།
196a6 འཇིགས་པའི་གདོངས་པ་འཇིགས་པའི་གཟུགས།། འཇིགས་པའིའམ་ཆེན་ར་སྣ་ཚོགས་ཀྱིས།། ཕ་རོལ་དྲེགས་པ་ཅར་བཅད་ནས། ཤིན་ཏུ་སྐྲག་ཅིང་རྒྱལ་བར་བྱས།། རབ་ཏུ་འབར
196a7 བའི་མེ་དཔུང་དང་།། སྲེད་པའི་མེ་ཆེན་རབ་སྦར་ཏེ།། ཕ་རོལ་གཡུལ་ལས་རྒྱལ་བར་མཛད།། སྲིན་པོའི་ཆུང་མ་ལ་སོགས་རྣམས།། ཕྱག་བརྒྱ་བཞི་ཡིས་དབང་དུ་སྡུས།། ཐབས་དང
iiif viewer powered by OpenSeadragon
195b - 196b