e-texts navigator
Collection
Volume
Page
Wylie

195b1 ཞིང་ཁམས་ན།། རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གཟིགས།། རྡོ་རྗེ་སེམས་དཔའ་སྟན་ལས་ལངས་ཏེ། ཀུན་བཟང་ཡབ་ལ་འདི་སྐད་གསོལ།། ཨེ་མ་བཅོམ་ལྡན་ཨ
195b2 ལ་ལ།། རྒྱལ་བའི་ཞིང་ཁམས་འདི་དག་ན།། ལོག་པ་བདུད་དང་སྲིན་པོ་རྣམས།། སངས་རྒྱས་བཀའ་ལས་འགལ་བགྱིད་པ།། འདི་ལ་ནན་ཏན་ཇི་ལྟར་བ་གྱི།། ཀུན
195b3 བཟངས་ལྷའི་བཀའ་སྩལ་པ། བདུད་དང་གཤིན་རྗེ་སྲིན་པོ་རྣམས།། ང་རྒྱལ་དྲེགས་པས་བཅིངས་པ་ལ།། ཤིན་ཏུ་གདུག་ཅིང་གཏུམ་བྱེད་པས།། དེ་ལ་ཞི་བས་ཕན་མ
195b4 འགྱུར།། ཤེས་རབ་ཐབས་དང་ལྡན་བྱས་ནས།། ཁོ་བོ་དེ་བཞིན་གཤེགས་པ་མཛད།། སངས་རྒྱས་ཐུགས་རྗེས་ཁྲོས་པའོ།། སྟོང་གསུམ་མ་ལུས་ཐམས་ཅད་ཀྱང་།།
195b5 སྐད་ཅིག་ཡུད་ལ་མེད་འགྱུར་ན།། སྲིད་པ་གསུམ་པོ་སྨོས་ཅི་དགོས།། དུར་ཁྲོད་གར་གྱི་ཕྱག་རྒྱར་བསྐྱེད།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ལེགས་པར་ཐལ་སྦར་ཕྱག་འཚལ
195b6 ནས།། དེ་ཉིད་ལས་ནི་གནས་གྱུར་ཏེ།། གདུག་ཅིང་དག་ལ་ནུབ་པའི།། གོང་མ་ལས་ཀྱང་ཆེར་སྣང་ཞིང་།། དབུ་དང་ཕྱག་ཞབས་མང་པོ་དང་།། མཚོན་ཆ་རྣམ་པ་སྣ་ཚོགས
195b7 པ།། འཇིགས་པའི་ཆ་ལུགས་མང་པོས་བརྒྱན།། གཟི་བྱིན་མཐུ་དཔུང་བསྐྱོད་དུ་མེད།། རབ་ཏུ་རྔམ་ཞིང་ཐུགས་གཏུམ་ནས།། དགྱེས་མཛད་རྡོ་རྗེ་གསོར་ནས་ཀྱང་།། གོམས




iiif viewer powered by OpenSeadragon

195a - 196a

Texts on this page

Gkk1.8 - phra men spyang ki las kyi rgyal mo'i rgyud