| | e-texts navigator
|
195a1 རིམ་གྱིས་ཆགས།། སྐྱེ་འགྲོ་མ་ལུས་ཐམས་ཅད་ལ།། དྲེགས་པས་རིམ་པ་དབང་བསྒྱུར་བ།། བསམ་པ་ལོག་པའི་བར་ཆོད་བདུད།། ང་རྒྱལ་ཁེངས་པའི
195a2 གཤིན་རྗེ་དང་།། གཏི་མུག་མྱས་པའི་སྲིན་མོ་རྣམས།། སྲིད་པ་གསུམ་ལ་དབང་ཆེ་སྟེ། ཁམས་གསུམ་མ་ལུས་རིམས་ཀྱིས་བསྡུས།། ང་རྒྱལ་དྲག་པོའི་གཟུགས་འཆང་བས།།
195a3 ཟུག་དཔུང་ཆེ་ལ་དགོངས་པ་རགས།། ང་རོ་ཆེ་ཞིང་གཏུམ་བག་ཅན།། ལག་ན་མཚོན་ཆ་སྣ་ཚོགས་ཐོགས།། བྱམས་དང་སྙིང་རྗེའི་ལམ་དང་བྲལ།། ཆེ་བ་ཅན་དྲེགས་པ་འཛིན
195a4 པའི་མཐུས།། ལོག་པའི་ལམ་དང་གོལ་བའི་ས།། ཕྱིན་ཅི་ལོག་ལ་ཡིད་ཆེས་པས།། ལས་སུ་མཚན་མ་ཆོས་ལ་སྤྱོད།། སྲིད་པའི་ས་བོན་རྩུབ་མོ་འཕངས།། དམྱལ་བའི་སྡུག
195a5 བསྔལ་ཉམས་སུ་མྱོངས།། གལ་ཏེ་དེ་ལས་ཐར་ནས་ཀྱང་།། སླར་ཡང་སྲིན་པོའི་ལུས་བླངས་ནས།། གོང་མ་བཞིན་དུ་འཁོར་བར་བྱེད།། དེ་ཉིད་འཁོར་ཀྱང་སྲིན་མོ་དང་། མ་མོ
195a6 དང་ནི་མཁའ་འགྲོ་མ།། ཤིན་ཏུ་གཏུམ་པའི་འཁོར་དང་བཅས།། བསོད་པོའི་ལས་ལ་འཕགས་ཤིང་གྲིབས།། ཤ་དང་ཁྲག་དང་སྲོག་ལ་སྤྱོད།། ངེས་པའི་ཝང་དང་མ་ལྡན
195a7 པས།། ཀུན་ཀྱང་དམྱལ་བའི་ལམ་དུ་གྱུར།། སྦྲུལ་སྐུ་ལ་སོགས་སངས་རྒྱས་ཀྱི།། འདུལ་བའི་ལས་སུ་མ་གྱུར་ཏེ།། སླར་ཡང་ཁེངས་རྒོལ་བར་བྱེད།། སྟུག་ཐོས་བརྒྱན་པ
iiif viewer powered by OpenSeadragon
194b - 195b