| | e-texts navigator
|
194b1 ཐམས་ཅད་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། ། འཕགས་པ་རྡོ་རྗེ་ནག་མོ་དབང་ཕྱུག་མི་འརྒྱུད་ཕྱི་མ་ལས་མངོན་པར་གཏད་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྔགས་རྒྱུད་ཕྱི་མ
194b2 རྫོགས་སོ།། །། སྔགས་རྒྱུད་ཕྱི་མིའི་ཕྱི་མའོ།། དེ་ནས་བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ་ཐིག་ལེའི་ངང་སྙོམས་པར་བཞུགས་ཏེ།། ཅང་མི་གསུངས་པར་གྱུར་ཏོ།། ཡང
194b3 བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འདུས་པ་འཚོགས་རྣམས་ཐིག་ལེ་ལ་བསྐུལ་བའི་གླུ་འདི་བླངས་སོ།། ཨཿསྐྱེ་མེད་ཆོས་ཉིད་ཐིག་ལེའི་རང་བཞིན་དང་ལ་སྙོམས་པར་ཞུགས
194b4 དེ་ཉིད་དྲན་པར་མཛོད་ཅིག་བདེ་གཤེགས་སྟོང་ལས་གཞེངས།། འཁོར་བའི་བཅིངས་པ་ལུས་ནི་སོལ་ཅིག་འགྲོ་དོན་མཛོད།། ཐེ་ཚོམ་རྣམ་པ་མཆིས་ཀྱིས་དོན་རྣམས་བཤད
194b5 དུགཟམ།། ། རྒྱ་གར་སྐད་དུ། ཤོ་ན་མ་ཀརྦ་ར་ཙ་ཏན་ཏྲ། བོད་སྐད་དུ།། ཕྲ་མེན་སྤྱད་ཀྱི་ལས་ཀྱི་རྒྱལ་པོའི་རྒྱུད།། བཅོམ་ལྡན་འདས་ཀུན་བཟང་ཧེ་རུ་ཀ་ལ་ཕྱག
194b6 འཚལ་ལོ།། འདི་སྐད་བདག་གིས་བཤད་པའི་ཚེ་ན།། སངས་རྒྱས་མ་བྱུང་སྔོན་རོལ་ན།། ཆོས་ཉིད་མ་སྐྱེས་མཁའ་དབྱིངས་ན། སྟོན་པ་ཀུན་ཏུ་བཟང་པོ་དང་།། རིགས་ལྔའི
194b7 སངས་རྒྱས་ཡབ་ཡུམ་དང་། སྲས་བཅས་བྱང་ཆུབ་སེམས་དཔའ་རྣམས།། མཉམ་པའི་ངང་ལ་བདེ་བར་བཞུགས།། དེ་ཚེ་འཛིན་རྟོགས་དབང་ཀྱང་།། འཇིག་རྟེན་གསུམ་པོ
iiif viewer powered by OpenSeadragon
194a - 195a