e-texts navigator
Collection
Volume
Page
Wylie

194a1 ལག་ན་ལྕགས་ཀྱི་མཁར་བ་ཐོགས།། དེ་ནས་གནོད་སྦྱིན་དཀུག་ནས་ནི།། གནོད་སྦྱིན་རྟེན་ལ་བསྟིམ་པར་བྱ།། བྱ་ཆེན་འཚལ་བུའི་ཤ་ཁྲག་གིས།། རྟག་ཏུ་གཏོར་མ་བདུན་དུ
194a2 དྲངས།། གཤེས་བུ་བརྗེནག་གསེར་སྐྱེམས་ཀྱིས།། ཆོས་བརྒྱད་ནམ་བྱེད་དྲག་ལ་མཆོད།། དེ་ནས་སྲོག་བི་སྙིང་བཟླས་པ་ནི།། ཨོཾ་བཛྲ་ཡག་ཀ་པྲེ་ཏན་བྷ་ར་རུ་པ། ཏྲི་ཥ་ཧུ་ཕཊ་ཛ། བཟླས་པ་ཁྲག་རྔན
194a3 རལ་པའི་སྭ།། འབྱུང་སྟེ་དེ་ནས་གསད་འདོད་ན།། གཟས་པ་པོའི་གཟུགས་བྲིས་ལ།། ཏིང་ངེ་འཛིན་གྱི་འོད་ཟེར་གྱིས།། དཀུག་ཏེ་རྟེན་ལ་སྡོམ་པར་བྱ།། གསང་སྔགས་ཏིང་ལ་ཏ་ཐཱ་ཡ།། བརྟགས
194a4 པར་ཐལ་བ་བཞིན་དུ་བརྟག། གནོད་སྤྲིན་པོས་ལ་གཏོར་མ་གས་ང་།། གསེར་སྐྱེམས་གཟུགས་བསྲེས་བརྒྱད་ལ་གཏོར།། འོ་དོང་བོས་ལ་སེད་ཅིག་བརྗོད།། ཟླ་བ་ཕྱེད་ན་འཆི་བར་འགྱུར།། རྒྱུད་ཕྱི་མ་ལ
194a5 གནོད་སྦྱིན་ལྕགས་ཀྱི་མཁར་བ་ཅན་གྱི་ལེའུ་སྟེ་བཅུ་གཉིས་པའོ།། །། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིས།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིང་།། འདི་ལྟ་བུ་ཞེ་སྡང་ཐམས་ཅད་ཀྱི་གཉེན་པོ་བཤད
194a6 པར་མི་བྱ་སྟེ།། ཁྱོད་ཀྱིས་སྤོས་ཤིག། སངས་རྒྱས་ཀྱིས་དམ་པའི་ཆོས་བཞུང་བཞིན་དུ་བྱེད་པ་རྣམས་ནི།། ཆོས་བྱེད་དུ་མི་སྟེར་ཞིང་།། བསྟན་པ་འཇིག་ན་མ་སྙེན་དུ་བཤད་པ་ལས།། མ་གཏོགས་པར་ཐམས
194a7 ཅད་དུ་བྱས་ན།། རྔོན་ཤིང་རྩ་བ་བཅད་པ་དང་འདྲ་སྟེ།། བྱང་ཆུབ་ཀྱི་འབྲས་བུ་ནམ་ཡང་མི་ཐོབ་ཅིང་། ལས་ཀྱང་འགྲུབ་པར་མི་འགྱུར་རོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེ་དང་བཅས་པའི་འཁོར




iiif viewer powered by OpenSeadragon

193b - 194b

Texts on this page

Gkk1.7 - 'phags pa rdo rje nag mo dbang phyug ma zhes bya ba'i sngags rgyud kyi rgyal po