| | e-texts navigator
|
193b1 སྒོ་བཞི་དག་ལ་དགོད་པར་བྱ།། དེ་ནས་མཐུན་པའི་དམ་རྫས་ནི།། མིང་པོ་དྲུག་པོ་དག་ལ་ནི།། མི་སྙིང་རྟ་སྟིང་སྤྲེའུ་སྙིང་།། ཁྱི་རྣག་ལུག་ནཱ་ག་བྱ་ནག་སྙིང་།། གཏོར་མ་བྱས་ཏེ་དབུལ་བ་བྱ།།
193b2 དེ་རྣམས་སྙིང་རྗེ་བྱས་ནས་ནི།། གསེར་སྐྱེ་མ་བཤོས་བུ་ནག་པོའི་གཟུགས།། ཟླ་བ་ཉ་ཆེན་ཤར་བ་ལ།། མིང་ནས་བོད་ཅིང་སྦྱིན་པར་བྱ།། སྲིང་མོ་འབར་མ་བཞི་པོ་ལ།། སྦྱིན་གཟིགས་སྔ
193b3 ཚོགས་པ་ཡིས།། གོང་མ་བཞིན་དུ་མཆོད་པར་བྱ།། ཁོལ་མོ་བློན་པོ་བཞི་པོ་ལ།། སྐྱུག་མ་དག་ལ་རྟེན་བཅས་ལ།། གཏོར་མ་གསོར་སྐྱེ་མ་དག་གིས་མཆོད།། དེ་ནས་ཟླས་པ་བྱས་པ་ནི། ཨོཾ་བདུད་བྲི
193b4 མ་ཡ་ཁ་རུ་ཧཱུཾ།། ད་རུ་ཧཱུཾ། རུ་དྭག་ཧཱུཾ། ཧཱུཾ་དུར་ན་ཧཱུཾ། ཤར་ཀ་ཧཱུཾ།། ཊཱི་ག་ཤེ་ཧཱུཾ། དེ་ནི་ཟླས་པ་ཙམ་གྱིས་ནི།། ཀློག་དམར་རལ་གྲི་ཙམ་ནི་ཧཱུཾ།། གྲུབ་པའི་མཚན་མ་བྱུང་བ་དང་།། དགྲ་རྣམས་གསད་པར་འདོད
193b5 བ་ནི།། གཟས་པ་པོའི་མིང་བྲིས་ལ།། སོད་ཅིག་ཆོད་ཅིག་སྒྲ་ཡིས་ནི།། དྲག་ཏུ་བརྡུང་ཞིང་ཕྱེ་མར་གཏང་གསེར་སྐྱེ་མས་ནང་དུ་བྱེད་མ་བླུགས། ཟླ་བ་ཉ་ཆེན་ཤར་བ་ལ་མི་སྲིད་བཅུ་པོ་མཆོད་ཆས་བོད།།
193b6 གསེར་སྐྱེ་མས་གཏོར་ཞིང་གདབ་པར་བྱ།། ཐོགས་པ་མེད་པར་འཆི་འབར་འགྱུར།། རྒྱུད་ཕྱི་མ་ལས་བུ་བདུད་བསྒྲུབ་པའི་ལེའུ་སྟེ་བཅུག་པའོ།། །། དེ་ནས་གནོད་སྦྱིན་བསྒྲུབ་བྱ་བ།། གནོད་སྦྱིན་ལྕན
193b7 ཀྱི་མཁར་བ་ཅན།། བདུད་དང་མ་མོའི་ཕ་ཡིན་ཏེ།། དུར་ཁྲོད་དཀྱིལ་འཁོར་གནོད་སྦྱིན་གཟུགས།། ནག་མོ་ཆེན་མོ་ཞལ་གཅིག་པ། སྒྲ་ནི་གྱེན་དུ་འབར་བ་ལ།། ལུས་ལ་དྲེའུ་ནགས་སྦགས་པ་གསོལ།།
iiif viewer powered by OpenSeadragon
193a - 194a