| | e-texts navigator
|
193a1 གཟས་པའི་མིང་དང་གཟུགས།། གསུམ་ལ་སྔགས་དགོད་ལས་དང་པོ་ལ།། ཉི་མ་བཞི་རུ་ལྔ་བཞི་སྟེ།། འཁོར་ལོ་སྤོང་ཞིང་རྐང་པའི་མགོ། གསང་སྔགས
193a2 འདི་དག་བཟླས་པར་བྱ།། ཡ་མ་ར་ཙ་འགེའུ་ཤ་ན།། ཆེ་གེ་མོ་མ་ར་ཡ་རྦང་།། དྷེ་རྨ་ར་ཙ་ཡ་མ་ར་ཙ་ཆེ་གེ་མོ་མ་ར་ཡ་རྦད།། པྲེ་ཏ་མུ་ཁི་ཏྲི་ཡ་རྦ་ད་ཡ་མ་ར་ཙ་ཆེ་གེ་མོ་མ་ར་ཡ་རྦད།། ཐལ
193a3 ཆེན་ཉུང་ཀཱ་ར་ཀེ་ཆེས་བྲག། ཐོན་ནས་གཟུགས་དང་འཁོར་ལོ་གནཱན།། ཟླ་དྲུག་རྫོགས་ནས་འཆི་བར་འགྱུར།། རྒྱུད་ཕྱི་མ་ལས་གཤིན་རྗེའི་མིང་པོའི་ལེའུ་སྟེ་བཅུ་པའོ།། །།
193a4 བདུད་ཆེན་པོའི་སྒྲུབ་ཟ་བ་ས་ནི།། དཀྱི་ཁ་འཁོར་མདའ་ཆད་ཁྲུ་གཞི་ལ།། དབུས་སུ་ཟླུམ་པོའི་ཕྱི་རོལ་ཏུ།། གྲུ་གསུམ་ཆེན་པོ་བཅུ་དག་བྱ།། རྡོ་རྗེ་རཱ་བྱཱ་སྒོ་བཞི་ཡང་།། ཀུན་ནས་ལེགས
193a5 པ་ར་བྲི་བར་བ།། དབུས་སུ་བདེ་གཤེགས་ཆེན་པོ་སྟེ།། གྲུ་གསུམཆེན་པོ་བཅུ་པོ་ལ།། བདུ་ནི་མ་བྲལ་བཅུ་པོ་དགོད།། མིང་པོ་བདུ་ད་ཆེན་བནུ་པོ་རྣོ།། ཡ་བ་རྗེ་ནག་པོ་ཞེས་པ་དང་།།
193a6 འབར་བ་ཡམ་ཆུང་ཞེས་པ་དང་།། ནག་པོ་བདུད་རྗེས་ཞེས་པ་དང་།། སྲོག་བདུད་ནག་པོ་ཞེས་པ་དང་།། བླ་བདུད་པོར་པོ་ཞེས་པ་དང་།། སྲོག་གདུད་དམར་གྱི་རྟག་རེ་དང་།། སྲིང་མོ་སྔོན
193a7 མེ་འབར་བ་དང་།། སེར་མོ་འབར་མ་ཞེས་པ་དང་།། དཀར་མོ་འབར་བ་ཞེས་པ་དང་།། དམར་མོ་འབར་བ་ཞེས་པ་དང་།། བློན་པོ་ཤ་འདྲོན་སྐྱ་བོ་གཉིས།། ཁོལ་པོ་འཛིན་པོ་ལྡོམ་པོ་ག
iiif viewer powered by OpenSeadragon
192b - 193b