| | e-texts navigator
|
192b1 བཅུ་དྲུག་ལ་དབང་བྱེད།། ཆོས་ཀྱི་རྒྱལ་པོ་བྱ་བ་ཡིན།། གཤིན་རྗེའི་འཇིགས་པ་ཞེས་བྱ་བ། ཤ་ཁྲག་དབུགས་ལ་དབང་བྱེད་པ།། ནར་ཧི་སང་ཞེས་བྱ་ཡིན།། གཤིན་རྗེ་ཆེན་པོ་གླང་མགོ
192b2 བཙོན།། བྱོལ་སོང་རྒྱལ་པོ་ཞེས་བྱ་བ།། གཱ་ཤིན་རྗེའི་རྒྱལ་པོ་ཞེས་བྱ་བ།། མ་མོའི་མིང་པོ་ཡིན་པ་སྟེ།། དྲག་པོའི་དཀྱིལ་འཁོར་བྲི་བར་བྱ།། གྲུ་གསུམ་གཅིག་ལ་གྲུ་རླུང་བཞི།། མཐིང
192b3 རྣག་མཚོན་གྱི་དཀང་བར་བྱ།། ཐ་མར་མེ་རི་དམར་པོ་སྟེ།། དེ་ལ་འཆི་བདག་བཞི་དཀོད་པས།། མི་ཐོད་སྐྱོག་རྩེ་བཞི་དག་ལ།། འཆི་བདག་ཞལ་བཞི་མཚོན་གྱིས་བྲི།། རང་རང
192b4 སྙིང་པོ་མཚན་ཏེ་དགོད།། བ་མ་ཆེན་དག་གིས་ཤ་ཁྲག་གིས།། གཏོར་མ་ཆེན་པོ་དབུ་ལ་བྱ་ཞིང་།། སྙིང་པོ་འོད་དག་བཟླས་པར་བྱ།། ཡ་མ་ར་ཙ་འགེའུ་ཏེ་ཤ་ན།། དར་མ་ར་ཙ་ཡ་མ་ནར
192b5 སིང་ཏ་ཡ།། པྲེ་ཏ་མུ་ཁིའི་ཡི་ཏི་ཡ་ས་མ་ཡ་ཛ་ཛ།། དེ་ནས་རྟགས་ཆེན་འབྱུང་འགྱུར་ཏེ།། མི་རེངས་གཅེར་བུ་རྒྱུག་པར་བྱེད།། རྫུན་པ་བླ་ཀུན་ནག་པོར་སྟོན།། བཙུན་པ་རླུང་ནག་ཆུ་བ་མ་འབྱུང་།།
192b6 རྒྱལ་པོ་ཆེན་པོ་ཚུལ་དུ་སྟོན།། དེ་ནས་གསོད་པར་བྱེད་འདོད་ན།། ཁམ་པ་ལ་ནི་གཤིན་རྗེའི་གཟུགས།། གནག་ཅིང་མཐོང་བའི་མི་གཟུགས་བཞི།། ལག་ན་དབྱུགས་བཞགས་པ་དང་།
192b7 ཀྱུ་ཁ་བྲག་ཐོགས་པར་བྱ།། དེ་ནས་བྱིན་རླབས་གཤིན་རྗེར་དམིགས།། གཏོར་མ་བྱིན་ལ་མངའ་དབུལ་བྱ།། དེ་ནས་འཁོར་ལོ་བྲི་བ་ནི།། གྲུ་གསུམ་གཅིག་ལ་གྲུ་གསུམ་བཞི།། དབུས་སུ
iiif viewer powered by OpenSeadragon
192a - 193a