e-texts navigator
Collection
Volume
Page
Wylie

191b1 གཡམ་པ་སྔོན་ནག་དག་ལ་ནི།། མཚན་མོ་ནག་མོའི་གཟུགས་བྲིས་ལ།། ཐོད་པའི་ཁ་ནི་བཅད་པར་བྱ།། དེ་ལ་རྣལ་འབྱོར་ཞེ་སྡང་ཅན།། དྲོད་མ་ཕེབས་ཀྱི་བར་དུ་བཟླས།། ནག་མོ་དགུ་བསྐོར་སྔག
191b2 ཀྱིས་གདབ།། མཚན་མོ་ནག་མོའི་སྙིང་པོ་དང་།། ཤིན་ཏུ་གསང་བའི་སློད་མོ་དང་།། སྟོབས་ནས་ནག་མོ་དགུ་བསྐོར་ཏེ།། འགྲོ་བ་རིགས་དྲུག་འདུད་དུ་འབག། འཇམ་གླིང་མི་ཁ་གཉེན་དུཿ
191b3 ཆུ་ཚོང་ས་བརྒྱ་བཅུ་རྫོགས་པ་དང་།། ཐུ་ན་ནི་ཁ་གསུམ་སྒོ་བྱས་ལ།། གཅིག་ནི་གཟས་པའི་གཟུགས་ལ་རྡེག། ཅིག་ནི་ཐུན་ནི་རྟ་རུ་གཞུག། དེ་ནས་ཐུན་གཅིག་ཡུལ་ཕྱོགས་འཕང་།། ནག
191b4 མོ་བདུན་བསྐོར་ཐུན་གྱིས་ནི།། བདུན་གསུམ་ལོན་པ་འཆི་བར་བྱེད།། གསང་བའི་ཐུན་ཞེས་བྱ་བ་ནི།། མི་ཁོག་སྒྱུ་མོའི་མདུན་དག་ཏུ།། སྐྱེར་བ་མི་རེག་ལག་པ་རུ།། གཡས་སུ་མེ་ལོང
191b5 གཡོན་དུ་ཐུན།། ཁར་ནག་ཐུན་ལ་བཏགས་ནས་ནི།། མཚན་མོ་ནག་མོའི་ལག་ཏུ་གཏད།། འབུར་ཁུང་ནག་མེའི་སྔགས་ཀྱིས་བཏབ།། འབུར་ཁུང་ནག་མོའི་ཞེས་བྱ་བ།། ཁམ་བུ་དགུའི
191b6 སྔགས་དང་ནི།། ཐང་སྔགས་སྨོད་པ་སྤགས་པ་ཡིན།། བཅུ་དྲུག་ནས་དབུ་བཅུགས་པས།། ཉི་གུ་དགུ་པ་མིའི་རོའི།། ལག་གིས་བན་དྷ་ཁོལ་བར་བྱེད། འབུར་ཁུང་ནག་མོ་དྲག་ཏུ་འཕར།
191b7 ཐེ་ཚོམ་མེད་པར་དཔའ་བོས་བཤད། རྒྱུད་ཕྱི་མ་ལས་དྲག་པོའི་ཐུན་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་འི་བེའུ་སྟེ་དྲུག་པའོ།། །། དེ་ནས་གསང་བའི་ལས་བཤད་པ། འཆི་བར་འགྱུར




iiif viewer powered by OpenSeadragon

191a - 192a

Texts on this page

Gkk1.7 - 'phags pa rdo rje nag mo dbang phyug ma zhes bya ba'i sngags rgyud kyi rgyal po