| | e-texts navigator
|
175a1 དང་འདྲ་བར་འགྱུར།། སྐུ་གསུང་ཐུགས་དང་འབྲིན་ལས་ནི།། དེ་དང་དེ་ལ་གདོན་པར་བྱ།། སྲོག་སྒྲུབ་སྲོག་གི་སྔགས་ཡིན་ནོ།། ལས་རྣམ
175a2 ཕྲ་མོ་ཐམས་ཅད་ནི།། རུ་རུ་རོ་རུའི་སྔགས་ཡིན་ནོ།། རག་མོ་ནི་ཤ་ཀུ་རུ་ནི།། ཐང་སྔགས་ཀུན་གྱི་རྦད་པ་སྟེ།། ཐུམ་ལྡིངས་སྙིང་རྩ་འདུ་འདུག། ཁམ་བུ་རྣམས་ཀྱི་རྦད་སྔགས་སོ།།
175a3 དེ་དང་ཀུན་འདྲར་ཤེས་པར་བྱ།། ཐེང་སྔགས་མཐའ་ནི་གནན་པ་སྟེ།། ཁམས་བུའི་མཐའི་ནི་འཕངས་པ་ཡིན།། སྒོ་ངའི་མཐའ་ནི་བསྲེག་པ་ཡིན།། ཁྲག་ཐུན་མཐའ་ནི་བརྡེག་པ
175a4 ཡིན།། སྲོག་ཐུན་མཐའ་ནི་བརྡབ་པའོ།། སྔགས་དྲག་ཐོད་པ་དགུ་བརྩེགས་དང་།། སྐུ་གསུང་ཐུགས་དང་ཕྲིན་ལས་ནི།། གནན་ཅིང་འཕང་བར་བཤད་པའོ།། བསྟེན་པ་ཉེ་བསྙེན
175a5 ག་ཏྲི་ས་དག་ལ།། བར་མ་ཆད་པའི་དྲངས་དགེ་དང་།། བྱེ་བ་དག་ནི་མ་སྐྱོལ་བར།། འཕྲིན་ལས་བྱས་ན་རང་རེ་བརླག། དེ་དག་བར་དུ་གཏོར་མ་ནི།། ཤ་ཁྲག་དམ་ར་ལ་གཞི་བླ་ད་ལ།།
175a6 ཞག་རེ་དག་ལ་གསུམ་གསུམ་བཏང་།། གཏོར་མ་བཟང་ན་དངོས་གྲུབ་ཚེ།། དྲན་ན་དངོས་གྲུབ་ཆུང་བར་བཤད།། བཟླས་བརྗོད་ཀྱང་ནི་དེ་དང་འདྲ།། གྲཏོར་མ་བཟླས་བརྗོད་རྫོག
175a7 པ་ནི།། ལྷ་མོ་དེ་ཉིད་སྐུ་སྟོན་འགྱུར།། འོད་དང་སྒྲ་དང་རླུང་ཆུབ་འབྱུང་།། བུད་མེད་མཛེས་པ་སྡིག་པ་དང་།། དངོས་གྲུབ་ཚུལ་བཞིན་བསྟེར་བར་འགྱུར།། དེ་ཚེ་དངོས་གྲུབ་བླང་བར་བྱ།།
iiif viewer powered by OpenSeadragon
174b - 175b