| | e-texts navigator
|
173b1 རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྒྱུད་རྫོགས་སོ།། ཞུས་དག།། དེ་ནས་བཅོམ་ལྡན་འདས་མངོན་རྫོགས་ཀྱི་རྒྱལ་པོ།། ཐིག་ལེའི་ངང་ལ་སྙོམས་པར་བ
173b2 ཏོ། ཅང་མི་གསུང་བར་གྱུར་ཏོ།། ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། འདུས་པའི་ཚོགས་རྣམས་ཐིག་ལེ་ལ་བསྐུལ་བའི་གླུ་འདི་བླངས་སོ།། ཨ་ཀྱེ་མེད་ཆོས་ཉིད་ཐིག
173b3 རང་བཞིན་ངང་ལ་སྙོམས་པར་ཞུགས་ནས།། དེ་ཉིད་དྲན་པར་མཛོད་ཅིག། བདེ་བཤེགས་སྟོངས་ལས་བཞེངས།། འཁོར་བའི་བཅིངས་པ་ལུས་ནི་སོལ་ཅིག་འགྲོ་དོན་མཛོད།།
173b4 ཐེ་ཚོམ་རྣམ་པ་གཉིས་ཀྱི་དོན་རྣམས་བཤད་དུ་གསོལ།། ཅེས་གསོལ་པ་དང་།། མངོན་རྫོགས་རྒྱལ་པོའི་ཐིག་ལེའི་ངང་ལ་སྙོམས་པར་ཞགས་པ་ལས་བཞེངས་ཏེ། འདི་སྐད་ཅེས
173b5 གསུངས་སོ།། ཨེ་མ་པོ།། དོན་རྣམས་བདག་གིས་དགྲོལ་བར་བྱ།། མཐུ་རྩལ་འདུས་པ་ཁྱོད་ཀྱི་དོན།། མ་འདུས་པ་ཀུན་ཐེ་ཚོམ་ཡོད།། ཐམས་ཅད་དྲིས་གཅིག་ངས་བཤད་ཀྱིས།
173b6 འགྲོ་དོན་བསམ་པ་མ་ལུས་བསྐང་བར་བྱ་ཡིས་ཉོན།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཕྱིར། འདི་སྐད་གསུངས་སོ།། ཨེ་མ་བསྙེན་པ་ཉེ་བསྙེན་བསྒྲུབ་པ
173b7 དང་། འཕྲིན་ལས་རྣམ་པ་ཇི་ལྟར་ལགས།། སྔགས་རྣམས་བཟླས་པ་གང་ལ་ཅི།། གྲུབ་པའི་མཚན་ཉིད་ཇི་ལྟ་བུ།། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ།། དང་པོ་བསྟོན་པ
iiif viewer powered by OpenSeadragon
173a - 174a