| | e-texts navigator
|
102b1 བདག་གིས།། ས་བདག་གདན་ལ་རྐྱང་བསྐུམ་བཞུགས།། བདག་གིས་རླུང་ལས་གྱུར་པ་ཡིས།། ས་བོན་ལས་ནི་སྐུར་བསྐྱེད་པ།། མཁ་འགྲོག་ཡང་གསལ་སེམས་མའི་མཆོག། ཐོགས་པ་མེད་པའི་དབུ་གསུམ་གྱིས།། ཁ
102b2 གསུམ་ཐིབ་ལེར་སྒྲོལ་བྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་བརྒྱ་ལས།། སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་།། སྣ་ཚོགས་གྱུར་པའི་སྐུ་མདོག་ལས།། ལྗང་ཁུན་བཟའ་བཻ་དཱུརྱ།། རྫུ་འཕྲུལ་བཞིའི་ཞབས་བདག་གིས།
102b3 གནོད་སྦྱིན་གདན་ལ་བརྐྱང་བསྐུམ་བཞུགས།། བདག་གིས་ཆུ་ལས་གྱུར་པ་ཡིས།། ས་བོན་ལས་ནི་བསྐུར་བསྐྱེད་པ།། མཁ་འགྲོ་གཉེན་གསལ་སེམས་མའི་ཚོགས།། རོལ་པ་ཆེན་པོའི་དབུ་གསུམ་གྱིས།། དུས
102b4 གསུམ་དབྱིངས་སུ་སྒྲོལ་བྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་བརྒྱ་ལས།། སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་།། མཚོན་དུ་མེད་པའི་སྐུ་མདོག་ལས།། དམར་པོ་དབང་གི་ན་བཟས་བརྒྱན།། རྫུ་འཕྲུལ་བཞིའི་ཞབས་འདག
102b5 གིས།། ཆུ་བདག་གདན་ལ་བརྐྱང་བ་སྐམ་བཞུགས།། བདག་གི་མེ་ལས་གྱུར་པ་ཡིས།། ས་བོན་ལས་ཀྱིས་སྐུར་བསྐྱེད།། མཁ་འགྲོ་འོད་གསལ་སེམས་མའི་ཚོགས།། སྟོབས་ལྡན་མཆོག་གི་ས་དགུ་གསུམ་གྱིས།། སྲིད
102b6 གསུམ་ཐིག་ལེར་སྤྲོས་བྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་རྒྱ་ལས།། སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། མཚོན་དུ་མེད་པའི་སྐུ་མདོག་ལས།། རིན་ཆེན་སྔོན་པོའི་ན་བཟླས་བརྒྱན།། རྫུ་འཕྲུལ་བཞིའི་ཞབས་བདག་གིས།
102b7 གཤིན་རྗེའི་གདན་ལ་བརྐྱང་བསྐུམ་བཞུགས།། བདག་གིས་སྐྲ་ལས་གྱུར་པ་ཡི།། ས་བོན་ལས་ནི་སྐུར་བསྐྱེད་ལ།། མཁ་འགྲོ་སྐག་གསལ་སེམས་མའི་མཆོག། མི་འགྱུར་བའི་དབུ་གསུམ་གྱིས།། སྐྱེ་འགྲོ
iiif viewer powered by OpenSeadragon
102a - 103a