| | e-texts navigator
|
102a1 པའི་གཞུ་རུ།། བླ་མེད་ཁྲག་འཐུང་སྐུ་བསིལ་ནས།། བདུད་རྩི་ཆེན་པོའི་བམ་པ་ཡིས།། སྲིད་གསུམ་འགྲོ་བའི་བག་ཆགས་ཀླུས།། མི་དམིགས་པ་ལ་དམིགས་པ་ཆེ།། མ་ཆགས་པ་ལ་ཆགས་པ་ཆེ།། 2ར
102a2 ལམ་བདེ་བ་བྷ་གའི་དབྱིངས།། བླང་ངོར་མེད་པའི་ཀློང་ཡང་སུ།། སྲིད་པའི་བག་ཆགས་དཀྲུ་བའི་ཕྱིར།། སྤྱི་དཔལ་བླ་ན་མེད་པ་ཡིས།། གསང་བའི་དོན་ལྡན་སྡེ་མིག་གིས།། རྣམ་པར་མཐར་པའི་སྒྲོ་ཕྱེ་སྟེ།། ཡེ་ཤེས་ཆུབ
102a3 ཁྲུས་ཆེན་མཛད།། ཨོཾ་ཐབས་ལས་དབྱིངས་ཕྱུང་ཐར་པའི་ལམ།། དབྱིངས་ལས་ཐབས་ཤེས་བླ་མེད་སྐུ།། བླ་མེད་དབྱིངས་དང་ཡེ་ཤེས་སྦྱོར་བས་ན།། བདུད་རྩི་ཆེན་པོའི་ཆར་ཆེན་སྲིད་པར་སྤྲོ།། ཕྱོགས་བཅུ་རྒྱས་པ་མཉེས
102a4 པའི་མཆོད་པར་སྤྲོ།། རྣལ་འབྱོར་མཁའ་གྲོ་སྐྱོང་བའི་ཚོགས་སུ་སྤྲོ།། འགྲོ་བ་རིག་དྲུག་སྒྲིབ་པ་སྦྱོང་བའི་ཕྱག་བརྒྱ་ཆེན་པོར་སྤྲོ།། མུ་སྟེགས་བདུད་འདུལ་ཁྲོ་རྒྱལ་ཚོགས་སུ་སྤྲོ།། སྡུག་བསྔལ་ཟད་ཕྱིར་བདུད་ཅིའི་ཆར་ཆེན
102a5 སྤྲོ།། དབང་པོ་གསལ་བྱེད་ཡེ་ཤེས་སྒྲོན་མར་སྤྲོ།། འདོད་ཆགས་ཚོམས་བྱེད་གསང་བའི་སུ་སྤྲོ།། ཧཱུཾ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས།། མ་བཀག་ལྷུན་གྱི་རྫོགས་པ་ནི།། ཐམས་ཅད་ཐིག་ལེ་ཉིད་ཀྱི་ངང་།། གཉིས་མེད་སྦྱོར
102a6 བའི་ཐིག་ལེ་ཆེ།། ཧོ་གཉིས་མེད་སྦྱོར་བའི་འོད་ཟེར་ལས།། འབྱུང་བ་ལྔའི་འཕྲོ་འདུ་འབྱུང་།། བདོག་གིས་སའི་ངོ་བོ་ལས།། ས་བོན་ལས་ཀྱི་སྐུ་བསྐྱེད་པ། མཁའ་འགྲོ་བསྟེན་པ་སེམས་མའི་མཆོག། མི་འཇིགས་པའི
102a7 དབུ་གསུམ་གྱིས།། དུག་གསུམ་དབྱིངས་སུ་སྒྲོལ་བྱེད་ཅིང་།། ཕ་རོལ་ཕྱིན་དྲུག་ཕྱག་བརྒྱ་ལས།། སྦྱིན་པ་ཆེན་པོ་རྟག་ཏུ་གཏོང་། མཚོན་དུ་མེད་པའི་སྐུ་མངག་ལ།། དཀར་ལ་དག་པའི་ན་བཟའ་གསོལ།། རྫུ་འཕྲུལ་བཞིའི་ཞབ
iiif viewer powered by OpenSeadragon
101b - 102b