e-texts navigator
Collection
Volume
Page
Wylie

101b1 ཡེ་ཤེས་མངོན་དུ་ཤར།། བྱེད་པ་པོ་ནི་ཀུན་ཏུ་བཟང་།། རྣམ་པར་ཐར་པའི་དབུར་ལྡན་ཞིང་།། ཡེ་ཤེས་དྲུག་གི་ཕྱག་བརྒྱར་བཅས། མཚན་དང་དཔེ་བྱེད་ཡང་དག་ལྡན།། རྫུ་འཕྲུལ་བཞི་ཡིས་ཐབས་དང་ལྡན།། བདག
101b2 གི་ཀུན་གཞི་ངོ་བོ་ལ། རྣལ་འབྱོར་ཉིད་བཞི་བདེ་མཆོག་མ།། བྱ་བ་མོ་ནི་ཆོས་ཀྱི་དབྱིངས།། ཆོས་ཉིད་རྟག་པ་ཐུགས་ཀྱི་དཀྱིལ།། འོད་ཟེར་མང་པོ་རྩེ་ནས་འཕྲོས།། འབྱུང་བ་ལྔའི་ཞལ་མངའ་ཞིང་།། ཡེ་ཤེས་དྲུག་གི
101b3 ཕྱག་བརྒྱར་བཅས།། ཕྱོགས་མཚམས་སྩོལ་བའི་ཞབས་བརྒྱད་ཀྱིས།། མ་གཤེགས་པ་ནི་སྲིད་པར་ཕྱིན།། དུས་བཞི་འཆར་བ་བྷ་ག་ཡ།། སྐྱེ་ཤི་མེད་པའི་ཀློང་དུ་ཐིམས།། སྲིད་པ་གསུམ་གྱི་སྐུ་བརྒྱན་ཅིང་།། སྤྱི་དཔལ
101b4 མཆོག་ལ་འདི་སྐད་གསུངས།། ཡེ་ཤེས་སྙིང་པོ་བླ་ན་མེད།། བླ་མེད་ཁྲག་འཐུང་དཔལ་གྱི་དཔལ།། འཇིག་བྱེད་གསང་བའི་རྡོ་རྗེ་ནི།། མཁའོ་ཀློང་ཀུན་གྱི་གཏེར་གནས་ལགས།། མཁའ་ཀློང་བདེ་བའི་ཡ་མ་མཆོག་ནི།། སྐྱེ
101b5 འགྲོ་ཡོངས་ཀྱི་ཐར་པའི་ལམ།། སངས་རྒྱས་ཡོངས་ཀྱི་རེ་སྐོང་ཕྱིར།། མཐར་ལམ་བདེ་བའི་ལོངས་སྤྱོད་ནི།། འཛུམ་པའི་མདངས་ཀྱིས་འབུལ་ལགས་ཀྱི།། དགྱེས་པའི་རྡོ་རྗེ་གསོལ་ནས་ཀྱང་།། རེ་སྐོང་རྡོ་རྗེ་བདུད་རྩིའི
101b6 ར་ཆེན་ཕོ་བ་ཧོ། ཧཱུཾ་མཉམ་ཉིད་ཡེ་ཤེས་པདྨའི་དབྱིངས།། འབྱུང་གནས་སྐྱེ་འགྲོ་མཐར་པའི་ལམ།། རིན་ཆེན་དཀྱིལ་འཇམ་ཀློང་ཡངས་སུ།། སྤྱི་དཔལ་རྡོ་རྗེ་གསང་བའི་གཏེར།། རེ་སྐོང་རྡོ་རྗེ་མཆར་ཆེན་ཕོབ་ཧོ། ཧཱུཾ་བྷ་ག་པདྨའི་དཀྱི
101b7 འཁོར་དུ།། འདབ་བརྒྱད་པདྨའི་དཀྱིལ་འཁོར་ལྡན།། ཕྱི་ལྕག་ནང་སྟན་སྒོ་བར་བཅས།། རིན་ཆེན་དཀྱིལ་འཇམ་གདན་ཏིང་སྟེ།། བླ་མེད་འཕྲུལ་གྱི་ལྡེ་མིག་གིས།། ལྕགས་ཁྲོལ་གདན་ཕྱེད་གདན་ཡ་བཞུགས།། རིན་ཆེན་བརྩེགས




iiif viewer powered by OpenSeadragon

101a - 102a

Texts on this page

Gkk1.3 - rgyud lung byang skor rtsa rgyud