| | e-texts navigator
|
101a1 གནས་ས་ཐིམ།། དམིགས་མེད་མ་ཆགས་ས་བོན་གྱི།། དེ་བཞིན་དུ་རྣམས་རྣམ་པར་གྲངས།། སྙིང་རྗེ་ན་མཁའི་ངོ་བོ་ལྟར།། བླང་ངོར་མེད་པ་སྣང་བ་ཡི།། མཚམས་སུ་སྦྱར་བའི་ས་བོན་གྱིས།། ཀུན་དུ་སྣང་ཞེས་གྲགས་པ
101a2 ཡིན།། བདག་གིས་རླུང་ལས་གྱུར་པ་ཡིས།། འོག་གིས་ཕྱོགས་སུ་ས་བོན་བསྟན།། བདག་གིས་ཆུ་ལས་གྱུར་པ་ཡི།། དེའི་སྟེང་དུ་ས་བོན་བསྟེན།། བདག་གིས་ས་ལས་གྱུར་པ་ཡི།། ས་བོན་ལས་ནི་སྤྲི་ས་མ་བརྟེན།། བདག་གིས་མེ
101a3 ཡས་གྱུར་པ་ཡི།། ས་བོན་ཡས་ནི་དྲོང་དུ་ལྡན།། བདག་གིས་ན་མཁའི་ངོ་བོ་ལས།། ས་བོན་གསུམ་གྱི་སྣང་སྲིད་བྷཻ།། དབྱིངས་ལས་འབྱུང་བ་ལྔའི་རྒྱུ་སྐྱེད་བྱེད།། མཁའ་ཡ་རླུང་བརྟེན་འགྲོ་ལྔ་ནས།། བྷ་ག་ཉིད་དུ་གསལ་བ
101a4 ལས།། ས་བོན་གྱི་ནི་དཀྱིལ་འཁོར་བསྒོམ།། འཁོར་ལོས་ས་བོན་གྱིས་སྦྱར་ནས།། རྩིབས་བརྒྱད་བར་དུ་རྣམ་པར་གྲགས།། གདན་གྱི་ས་བོན་རྣམ་སྦྱངས་ནས།། བརྩིབས་བརྒྱད་སྟེང་དུ་བཅུ་བཞི་བསྐྱེད།། དཀྱིལ་འཁོར་རྒྱ་མཚོ
101a5 ཐོད་འཕྲེང་གཉིས།། ཤར་དང་ནུབ་ཏུ་མགོ་སྣོལ་བའོ།། གྲོལ་བྱེད་དཀར་མི་མིགས་གཅིག་གཉིས།། བརྒྱ་བྱིན་ཕྱོགས་སུ་མགོ་བསྟན་པ།། དབང་བསྡད་ནག་མོ་རལ་ཅན་གཉིས།། གཤིན་རྗེའི་ཕྱོགས་སུ་མགོ་བསྟན་པའོ།། བདུད
101a6 རྩི་བྱེད་དང་དམར་པོ་གཉིས།། ཆུ་བདག་ཕྱོགས་སུ་མགོ་བསྟན་པའོ།། གནས་འཕྲུལ་སེར་མོ་ལས་མཁན་གཉིས།། གནོད་སྦྱིན་ཕྱོགས་སུ་མགོ་བསྟན་པ།། རྒྱན་གྱི་རྒྱལ་མོ་མེའི་ཕྱོགས།། དབྱིངས་ཕྱུག་མ་ནི་བན
101a7 འབྲལ་ཕྱོགས།། བདག་ཉིད་མ་ནི་རླུང་གི་ཕྱོགས།། གཅིག་པུ་མ་ནི་དབང་ལྡན་ཕྱོགས།། རིམ་བགྲོང་བསྐྱེད་ཕྱིར་འཁོར་རྣམས་རྒྱལོ།། བྷག་བཅུ་བཞིའི་གདན་སྟེངས་ནས།། བདག་ཉིད་བྱང་ཆུབ་ཐིག་ལེ་ལུས།། སྙིང
iiif viewer powered by OpenSeadragon
100b - 101b