| | e-texts navigator
|
100b1 ཧྲཙཱ་ག། ཛྭལ་བར་རཿ། གྱེན་མདྷིཿ། བྱིའི་ལས་ཧེ་མེ། མརྒྱ་མཅི་ག། དེ་ལྟར་བདག་ཉིད་བསྒོམ་པ་ནི། དང་པོར་དེ་བཞིན་ཅི་ཀྱི་ཏིང་ངེ་འཛིན་ལ་གསལ་བར་བཞོམ་པ་ན། ཐུགས་ཁ་ནས་ཡི་གེ་ཡ་དཀར་པོ་གཅིག་ལས། མ་ཤེས
100b2 ལྔའི་གཞལ་ཡས་ཁང་ཆོས་ཀྱི་དབྱིངས་ལྟར་ཁྱབ་གངལ་བའི་དབུས་སུ། བདག་ཉིད་བླ་ན་མེད་པའི་ཏིང་ངེ་འཛིན་དུ་བཞུགས་ལ། སྙིང་དཀར་མུ་ཀ་ལེ་ལས་ཡེ་ཤེས་ཚོགས་ཀྱིས་རྗེ་མ་བྷེ། མིག་གཡས་པ་ཧ་ལ
100b3 འགྲོ་མ་རྣམ་སྣང་གསལ་བསྒོམ་མོ།། མིག་གཡོན་པར་ཧ་ལས་མཁ་འགྲོ་མ་འོད་གསལ་བར་བསྒོམ་མོ།། རྣ་བ་གཡས་པར་ཧ་ལས་མཁའགྲོ་མ་གཉེན་གསལ་བར་བྷཻ། རྣ་བ་གཡོན་པར་ཧ་ལས་མཁའགྲོ་མ་གཡང་གསལ་འབར་བྷེ།
100b4 སྐུ་མདོག་དང་ཕྱག་མཚན་ནི།། འོག་མའི་ཚིག་བཅད་དང་སྦྱར།། མ་མོ་རྣམས་ཀྱི་གཙོ་མོ་ཡང་རྗེ་མོ་སྟེ།། ཡང་གསང་ཐིག་ལེ་གཏན་ཚིགས་ཀྱི་ལེའུ་སྟེ་དང་པོའོ།། །། གནོད་འདུལ་ལྷ་ཡི་ཡིང་གསོལ་པ།། སྲིད་པའི
100b5 དཀྱིལ་འཁོར་བསྒོམ་པ་དང་།། བདག་ཉིད་ཕྱག་རྒྱ་བསྐྱེད་བྱ་བ།། འབྱུང་དང་འཇུག་པའི་མཚན་ཉིད་ལས།། ཇི་ལྟར་བདག་གིས་ནན་ཏན་བགྱི།། མངོན་རྫོགས་དཔལ་ལ་བདག་ཉན་འཚལ།། དེ་སྐད་གསོལ་པགས།
100b6 ནས་ཀྱང་།། མངོན་རྫོགས་དཔལ་གྱིས་བཀའ་སྩལ་པ།། འབྱུང་དང་འཇུག་པའི་མཚན་ཉིད་ལས།། ཇི་ལྟར་དཀྱིལ་འཁོར་བསྐྱེད་བྱ་བ།། ངས་བསྟན་པ་ལ་གདོན་མི་ཟ།། ཉོན་ཅིག་གནོད་འདུལ་སྒྲའི་ཚོགས།། འབྱུང་བ་སྤོས
100b7 བའི་ངོ་བོ་ལ།། འཇུག་པ་བསྡུ་བའི་མཚན་ཉིད་དང་།། ས་བོན་གྱི་ནི་བསྟན་པར་བྱ།། བདག་ཉིད་ཐིག་ལེར་མཉམ་སྦར་ནས།། རྣམ་གསུམ་རིམ་གྱི་ཏིང་འཛིན་བསྒོམ།། དམིགས་མེད་ཏིང་འཛིན་རྣམ་དག་ཅིང་།། སྐྱེ་མེད་ཆོས་དབྱིངས
iiif viewer powered by OpenSeadragon
100a - 101a