e-texts navigator
Collection
Volume
Page
Wylie

100a1 བ་ནི་རྒྱལ་བ་ཀུན་གྱི་ཡུམ། མ་ནི་སྲིད་པ་གསུམ་གྱི་མ།། མ་ནི་སྐྱེ་བ་མེད་པའི་དབྱིངས།། མོ་ནི་འགག་པ་མེད་པའི་ཀློང་།། མ་ནི་ཐབས་མ་ཆོག་དོན་མེད་མཁའ།། མོ་ནི་ཤེས་རབ་ཆགས་མེད་ཀློང་།། དེ་ལྟ་བུ
100a2 ཡུམ་ཆེན་མོ་ལ་སྐུ་སྟོད་འབྱུང་བའི་རིགས་ལྔའི་སངས་རྒྱས་དང་། སྐུ་སྨད་ཀྱི་བྷ་གར་སྦྱོར་བ་མཛད་པའི་སྲས་མོ་ལྔ་ཡོད་དེ། གཅིག་ནི་རྟག་པའི་རྒྱལ་མོ་རྣམས་སྣང་གསལ་ཞེས་བྱ་སྟེ། སྐུ་མདོག་དཀར་མོ་ལ་ཤེལ་གྱི་རལ་ཅན། གསང
100a3 པའི་མཁའ་ཤེལ་གྱི་གའུར་འཁྱིལ་པའོ།། མ་ཆགས་པའི་ཐབས་ལ་རོལ་པའོ།། གཅིག་ནི་རྟག་པའི་རྒྱལ་མོ་འོད་གསལ་འབར་ཞེས་བྱ་སྟེ། སྐུ་མདོག་སྔོན་མོ་ལ་རིན་པོ་ཆེའི་ལན་ཕྲན་ཅན། གསང་བའི་མཁའ་རིན་པོ་ཆེའི་གའུར
100a4 འཁྱིལ་བ་འོ།། མ་ལེན་པའི་ཐབས་ལ་རོལ་པའོ།། གཅིག་ནི་རྟག་པའི་རྒྱལ་མོ་གཉེན་གསལ་མ་ཞེས་བྱ་སྟེ། སྐྲ་མདོག་དམར་མོ་ལ་བྱེ་རུའི་རལ་པ་ཅན་གསང་བའི་མཁའ་བྱ་རུའི་གའུར་འཁྱིལ་བའོ།། གཉིས་སུ་མེད་པའི་ཐབས
100a5 ལ་རོལ་པའོ།། གཅིག་ནི་རྟག་པའི་རྒྱལ་མོ་ཡང་གསལ་གཡོས་ཞེས་བྱ་སྟེ། སྐུ་མདོག་ལྗང་ལ་ཁུ་ལ།། རྡོ་རྗེ་ལན་ཕན་ཅན། གསང་བའི་མཁའ་རྡོ་རྗེའི་གའུར་འཁྱིལ་བའོ།། མ་ཆགས་པའི་ཐབས་ལ་མཁས་པའོ།། གཅིག
100a6 ནི་རྟག་པའི་རྒྱལ་མོ་བཀྲག་གསལ་མཉམ་ཞེས་བྱ་སྟེ། སྐུ་མདོག་ཅིར་ཡང་འགྱུར་བ་ལ།། གཡུའི་ལན་ཕྲན་ཅན། གསང་བའི་མཁའ་གཡུའི་གའུང་འཁྱིལ་བའོ།། གཉིས་མེད་བསྟན་པའི་ཐབས་ལ་རོལ་པའོ།། འདི་ལྔ་ནི
100a7 མཁའ་བཞི་དབྱིངས་དང་ལྔ་ཞེས་བྱ་སྟེ། རིགས་ཀྱི་ཡུམ་ལྔ་བྱ་བ་ཡང་འདི་ཡིན། སེམས་ཅན་དུས་ཆེན་པོ་ལ་བབ་པ་ཡང་འདི་ལྔས་དབང་བྱེད་དོ།། ཚེའི་བདག་མོ་ཡང་འདི་ལྔ་ཡིན་ནོ།། སྲོགས་ལས་དྲངས་པའི་སྙིང་པོ་ནི། གྲིས




iiif viewer powered by OpenSeadragon

99b - 100b

Texts on this page

Gkk1.3 - rgyud lung byang skor rtsa rgyud