| | e-texts navigator
|
9b1 སྦྱང་བའི་ཐབས་མ་དགོས།། ད་ཡང་བློ་གྲོས་དམ་པ་ཉོན།། ངན་ཉིད་ཀྱི་ཆོས་སུལ།། གང་ཡང་མ་བཀག་ནམ་མཁའ་བཞིན།། འཁོར་འདས་ཞེན་མེད་འབྲས་བུ་ཡིན།། དེ་ཉིད་རང་སེམས་སྙིང་པོར་བཤད།། འགྲོ་དྲུག་གམས་ཅན་འམས་ཅད་པ།། ཆོས་སུ་དང་ང།
9b2 ཡོད་རྟོགས་ན།། སྒོམ་ཞིང་སྒྲུབ་པའི་ནད་དང་བྲལ།། ཡེ་ཤེས་ངོ་བོ་ལྟའི་སེམས།། དེ་དོགས་མེད་ཤེས་འབྲས་བུའི་མཆོག། དུས་གསུམ་དང་སེམས་འགྱུར་མེད་དོན།། མེད་ལ་མི་ཟད་དང་བྱུང་ཐུགས།། སངས་རྒྱས་ཞེ་འནི་དེ་ལ་བྱ།། རྫོགས་པ་ཆེན་པོ་རྨད་བྱུང་དོན
9b3 གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རེ་དོགས་མེད་པའི་འབྲས་བུ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། ཀུན་རིག་རྒྱལ་པོས་ཡང་གསུངས་པ།། སྡུད་མེད་ལྟ་བའི་རིག་པ་ཡིས།། མ་བཙལ་འབྱུང་མེད་ཆོས་ཀྱི་སྐུ།། བག་ཆགས་མེད་པས
9b4 ཡུལ་དང་བྲལ།། ད་ལྟ་ཉིད་དུ་རང་བྱུང་སྐུ།། དངོས་མེད་ནམ་མཁའི་མཐའ་དང་མཉམ།། ཤེས་རིག་གསལ་བའི་ཁྱད་པར་འཕགས།། དེ་ལས་འགྲན་ཟླ་གང་ཡང་མེད།། རྟོགས་པའི་ཡོན་ཏན་བརྗོད་མི་ལང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉེན།། དང་སེམས་རིག་པ
9b5 རང་བྱུང་དེ།། ཡེངས་མེད་དོན་ཤར་རང་བྱུང་ཐུགས།། སྤྱི་མཐུན་ཉི་མ་སྟོང་བས་གསལ།། དེ་ཉིད་རྟོགས་པས་བསྒོམ་མི་དགོས།། ཡེ་ཤེས་རིག་པ་གསལ་བ་དེས།། མ་རིག་མུན་པ་གདོད་ནས་མེད།། བག་ཆགས་ཉོན་མོངས་གཏན་ནས་བརླག། དགོངས་པ་སངས
9b6 རྒྱས་ཀུན་དང་མཉམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱ་མཚོ་རླབས་སུ་འབྱུང་།། དེ་བཞིན་དོན་རྟོགས་སྤྱོད་པ་ཡང་།། འབྲལ་མེད་རིག་པ་ཡེ་ཤེས་རྒྱན་མི་འཆད།། དོན་འདི་རྟོགས་པ་སྤྱོད་པའི་ཚེ།། ཚོགས་བསགས་སྒྲིབ་པས་བཅུ་པས།། སྐད་ཅིག
9b7 འདི་འདྲ་ཁྱད་པར་འཕགས།། ལུས་ངག་རྩོལ་མེད་རིག་སྤྱོད་བདེ།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། རང་དྲིན་འབྲས་བུ་རང་ལ་ཆེ།། གཟུགས་དང་བྲལ་བས་སྐྱེ་འཆི་མེད།། རང་ལས་བྱུང་བས་ཡེ་ཤེས་སྐུ།། ཡུལ་མེད་རིག་པ་མངོན་སངས་རྒྱས།། འདི་རྟོགས་དབྲས
iiif viewer powered by OpenSeadragon
9a - 10a