e-texts navigator
Collection
Volume
Page
Wylie

9a1 མཁའ་ཉི་ཤར་མུན་པ་མེད།། དེ་བཞིན་རང་རིག་ཆོས་སྐུལ།། མ་རིག་མེད་པ་ཡེ་ཤེས་འཆར།། སངས་རྒྱས་ཐུགས་ལ་འཆང་ནུབ་མེད།། དཔྱིར་འབྲས་བུ་སངས་རྒྱས་མཆོག། རྫོགས་པ་ཆེན་པོ་རྨད་བྱུང་དན་གྱི་སྙིང་པོ་དང་།
9a2 བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲས་བུ་ལྟུང་བ་མེད་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ཐུགས་ཀྱི་གདེང་ཆུད་སྐལ་བ་ལ།། མི་ནུབ་ཡོངས་ཀྱི་གཏེར་དུ་ནི།
9a3 དུས་གསུམ་རྒྱལ་བའི་ཆོས་ཀྱི་སྐུ།། རང་བྱུང་ཐུགས་སུ་གསལ་བའི་དོན།། མཉམ་ཉིད་འགྲོ་དོན་བྱེད་པའི་ལམ།། ཚད་མ་རང་གི་དབང་ཕྱུག་གིས།། རྗེས་འཚོ་བ་ཐུགས་ཀྱི་སྲས་མཆོག་ལ།། སྐྱེ་འགག་འཁོར་བ་སྤང་ལེན་མེད།། བདག་འཛིན་བྲལ་བ་རྒྱལ་བའི
9a4 ཟུགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། འདུ་འབྲལ་འཆི་མེད་ཡེ་ཤེས་ལུས།། རིག་པ་ཕྱོགས་མེད་བྱང་ཆུབ་འཆར།། སོ་སོ་མ་ཡིན་ཡེ་ནས་གཅིག། དེ་ཕྱིར་ཡོན་ཏན་བསྟན་པ་དཀའ།། བྱང་ཆུབ་དང་དུ་ཐམས་ཅད་འདུས།། མཐའ་མཉམ་དབང་ཕྱུག་ཆེན
9a5 པོའི་ཐུགས།། ཡེ་ཤེས་སངས་རྒྱས་ཀུན་དང་མཉམ།། སྡེ་སྣོད་ཆོས་རྣམས་ཐུགས་ལ་རྫོགས།། འཇིག་རྟེན་ཁམས་ན་འགྲན་ཟླ་མེད།། ཞེ་འདོད་རིགས་ལྔ་མ་བསྲུབས་ཀྱང་།། རང་གི་སེམས་ལ་སངས་རྒྱས་རྫོགས།། དེ་ཉིད་འབྲས་བུ་དམ་པར་གསུངས
9a6 དེ་ཡང་འདུས་པའི་འཁོར་རྣམས་ཉོན།། སྔོན་ཚེ་རྣམ་གཟིགས་བསྟན་པ་ལ།། བྲམ་ཟེ་དཔལ་ལྡན་བྱ་བའི་བུ།། རང་སེམས་རྟོགས་པའི་དོན་མེད་པས།། གཞན་ནས་འབྲས་བུ་ཞེ་འདོད་ཀྱིས།། རིགས་ལྔའི་སངས་རྒྱས་ནམ་འགྲུབ་ཅེས།། ཡིད་ལ་བསམ
9a7 ཤིང་ལྷ་བསྒོམས་པས།། འབྲས་བུ་མེད་ཅིང་འཁོར་བར་སྐྱེས།། དཕྱིར་རོ་ངོགས་མེད་པར་བྱ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རི་མེད་དོན་འདི་དྲན་བྱས་ན།། ཆོས་ཉིད་སངས་རྒྱས་ས་ལ་གནས།། དོགས་མེད་དོན་ལས་མ་གཡོས་ན།། སྒྲིབ་པ




iiif viewer powered by OpenSeadragon

8b - 9b

Texts on this page

Gdg025.1 - rdzogs pa chen po rmad byung don gyi snying po/ /rang byung bde ba'i 'khor lo'i rgyud