| | e-texts navigator
|
8a1 པར་རང་གསལ་པ།། དེ་ཉིད་ཉམས་ཀྱི་དམ་པའི་མཆོག། མེ་འཛིན་མི་སྤྱོང་རང་གསལ་ཙམ།། འབྲལ་མེད་རྒྱུན་གྱི་སྤྱད་པར་བཤད།། གུལ་མཚནམ་ལྡན་ཡང་།། དདྲ་ན་དགག་སྒྲུབ་མེད་གསན།། སངས་རྒྱ
8a2 ལྷལྟ་སྦོམ་ངོ་བོ་གཅིག། རྣལ་འབྱོར་སྤྱོད་པ་ཐམས་ཅད་དུ།། དོན་དམ་སྤྱོད་པ་ཡིན་པའི་ཕྱིར།། མ་དྲན་གཉིད་དང་ཉོན་མོངས་ལ།། རང་གར་སོང་ཚེ་དེ་ཉིད་ལ།། ངོ་བོ་ཉིད་དྲན་གནོད་མི་ནུས།། དེ་ལྟ་ཉིད་དུ་ཡེ་ཤེས་ཕྱིར།། ཆེད་དུ་མ་བྱས་སྤྱོད་དུ་མེད།།
8a3 ཆེན་པོ་རྨང་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། འབྲལ་མེད་རྒྱུན་གྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། འདུས་པའི་འཁོར་ལ་དྲུག་ལྔ་ནི།། རང་གྲོལ་སྟོན་པས་བཀའ་སྩལ་པ།། རང་སེམས་དོན་རྟོགས་སྤྱོད་མི་སྤ
8a4 འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་འཁོར་བ་རེ།། ངེས་པའི་གདེང་ལྡན་རྣལ་འབྱོར་པ།། ཆུ་མཐུན་བག་ཆགས་མི་གསོག་པས།། ཇོ་མོ་དུས་གསུམ་སྐུར་གྱུར་ཀྱང་།། བསླབ་པའི་ཚུལ་ཁྲིམས་ཉམས་པ་མེད།། བག་ཆགས
8a5 གསོག་ན་ཡི་དྭགས་གནས་སུ་སྐྱེ།། མཐོ་རིས་ཐར་པ་དག་ལ་བརྟེན་མི་འཆའ།། རང་སེམས་སྙིང་པོ་རྟོགས་པ་ཡིས།། འཆི་མེད་སྲོག་ལ་གཅད་དུ་མེད།། ཞེ་སྡང་མནར་སེམས་རིག་པའི་དོན།། དམྱལ་བའི་སྡུག་བསྔལ་ཡ་མིང་།། རང་རིག་ཡེ་ཤེས་དོན་ལྡན་པས།།
8a6 མ་རིག་རྣ་ཚོགས་དོན་དུ་ཤེས།། ཡེ་ནས་ཆོས་ཉིད་བརྡལ་བ་ལ།། མ་རིག་སྒྲིབ་པ་སྦྱང་དུ་མེད།། དོན་རྟོགས་རྒྱལ་ཡེ་ཤེས་ལ།། ཡིད་ཆེས་ཆོས་སུ་དང་བྱུང་ཐུགས།། འགྲན་ཟླ་འཇིག་རྟེན་གསུམ་ན་མེད།། དེ་ཉིད་ང་རྟུལ་རབ་ཉིད།། ཕྲག་དོག་གོ་སྨྲ་རྩོན
8a7 མེད་པས།། དེ་ཕྱིར་མ་སྤངས་རང་སར་དག། ལྟ་བ་ངན་ལ་ཕྲག་དོག་གསལ།། དེ་ཕྱིར་ཕྲག་དོག་གསང་བའི་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཅན་ལོག་རྟོག་ཆེན་པོ་ཆེས།། གཞན་གྱི་རྐྱེན་གྱིས་མི་ལྡོག་ཕྱིར།། དུག་ལྔ་རང་ལ་བརྟེན་ཏེ་འཟློག། མ
iiif viewer powered by OpenSeadragon
7b - 8b