| | e-texts navigator
|
83b1 ངེས་ཚིག་གཞི་ལ་ཎྜ་ལ་རྫོགས་པས།། ཀུན་གྱི་ཀུན་གཞི་ཞེས་ཀྱང་བྱ།། དབྱེན་སྒྲོན་ཅན་སྐྱོན་མེད་གཉིས།། གྱོན་ཅན་དྲུག་དང་བརྒྱད་ཀྱིས་བསྟན།། བསམ་ལས་གྲུབ་པའི་ཀུན་གཞི་ལ།། སྣ་ཚོགས་ངོས་ནས་ལྷུན་གྲུང་གའི།། འགྱུར་མེད་ཆ་ནས
83b2 དེས་གཞི།། མི་འགྱུར་ཆ་ནས་དེས་ཅན་གཞི།། ཅིར་ཡང་སྒྱུར་བཏུ་བ་གཞི་མ་དང་།། ཐམས་ཅད་འབྱུང་ཕྱིར་ཁས་ལེན་གཞི།། སྣ་ཚོགས་ཁྲ་བོར་འདོད་པའི་གཞི།། སྣ་ཚོགས་སོགས་པའི་ཀུན་གཞི་དང་།། སྦྱོར་བཀུན་གྱི་ཀུན་གཞིའོ།། དེ་ལྟར་བརྒྱད་ཀྱིས
83b3 གྱེན་ཡང་།། སྐྱོན་མེད་ཀ་དག་ཉིད་དུ་གནས།། འདི་ནི་ངོ་བོ་གཅིག་ཚུལ་དང་།། བརྗོད་བཞི་བྲལ་བའི་དང་པོ་སྟེ།། ཐམས་ཅད་འདི་ལས་མི་འདའ་འོ།། འོན་ཀྱང་དེ་ཉིད་འདི་ལྟ་སྟེ།། ལྷུན་གྲུབ་ཉིད་དུ་གནས་པ་ལ།། སྣ་ཚོགས་འདུས་པའི་སྙིང་པོར་སྡང་།
83b4 རྒྱུ་ལས་འབྲས་བུ་གྲུབ་མ་གྲུབ།། གྲུབ་ན་གོ་ལོག་སྐྱོན་དུ་འགྱུར།། ངེས་པ་མེད་པའི་གཞི་མ་ནི།། འགྱུ་བྱེད་ཡིད་ཙམ་རྣམ་པར་སྣང་།། མིང་དོན་གཉིས་སུ་ངེས་པ་མེད།། མ་ངེས་མོ་ལས་ཆུ་འབྱུང་སྐྱོན།། མ་ངེས་པ་དེ་ངས་ཅན་འགྱུར།། ངེས་པར་རང
83b5 དོ་ཀུན་གཞི་དེ།། དྲན་བྱེད་ཕྲ་བ་མེད་པར་སྣང་།། འདི་ནི་རྟོགས་དང་མ་རྟོགས་གང་།། རྟག་ཆད་གཉིས་ཀྱི་སྐྱོན་དུ་འགྱུར།། མྱུར་དུ་བཏུབ་པའི་ཀུན་གཞི་ནི།། འབད་མེད་བློ་ཡི་རྣམ་པར་སྣང་།། རྟག་དང་མི་རྟག་གང་ནས་འགྱུར།། གནས་ལུགས་རྒྱུར
83b6 དུ་བཏུབ་པ་ན།། འདི་ཡང་ངེས་མེད་གཞི་དང་མཚུངས།། འབྲས་བུ་ཉིད་ཀྱང་གྱུར་ཟློག་ཕྱིར།། འབདུད་དོན་མེད་བེམ་པོ་ཡང་།། རིགས་ཅན་དུ་ཟློག་པའི་སྐྱོན།། རྟག་པ་མ་ཡིན་ངོ་བོས་སྤོང་།། མི་རྟག་མ་ཡིན་ཤེས་རིག་གསལ།། ཅིར་ཡང་ངོ་བོར
83b7 ཁས་ལེ་ན་གཞི།། གང་སྣང་རང་གི་ངོ་བོར་སྣང་།། ཡོད་མེད་མ་ཡིན་ཕྱོགས་ནས་འདས།། མེད་ན་མོ་གཤམ་བུ་སྐྱེའི་སྐྱོན།། ཡོད་ན་ཤེས་བྱ་རྒྱབ་ཀྱིས་ཕྱོགས།། ཐམས་ཅད་ངོ་བོར་གྲུབ་པའི་ཕྱིར།། ཐུག་པ་མེད་པའི་སྐྱོན་དུ་འགྱུར།། སྣ་ཚོགས
iiif viewer powered by OpenSeadragon
83a - 84a