e-texts navigator
Collection
Volume
Page
Wylie

83a1 པས་རྫོགས།། དམིགས་ཅད་དོན་ལ་གདུས་པས་རྫོགས།། ཕྱོགས་སྤང་འ་ཆུ་འོང་མེད་པ་རྫོགས།། ཐམ་པ་མེད་པས་དང་ཀླུང་རྫོགས།། མཟངས་སུ་མ་མྲན་དགས།། གསུས་སྟོང་མ་མེད་རྫོགས་པསཔ
83a2 རྒྱན་དང་ཆ་ལུགས་འཛིན་པས་པ།། སུ་དང་ཐིག་ལེས་བརྒྱན་པས་པ།། འོད་དང་ཁ་དོག་བཀླགས་པ།། མ་རིག་དུག་ལྔ་དགབས་པ།། འཛིན་པ་རང་སར་དག་པས་སྒྲ།། ཀུན་སྦྲང་ཐུགས་རྡོ་ཤར་བས་སྒྲ།། ཡེ་ཤེས་ཀློང་ནུ་གསལ་བས་སུ།། མ
83a3 འགགས་སྐྱེ་བ་མེད་པས་སྲ།། ཡིན་པ་བདག་འཛིན་མེད་པས་སྲ།། ལྷུན་གྲུབ་ལོངས་སུའི་བཞུགས་ཚུལ་ལོ།། ཐུགས་རྗེ་སྤྲུལ་པའི་བཞུགས་ཚུལ་ནི།། བྱ་བ་རྫོགས་དང་བྱ་བ་བྱེད།། ཕྱི་ནང་བྱ་བ་རྫོགས་པས་ཏེ།། བྱ་བ་རྫོགས་པའི་སྐུལ་སླའོ།།
83a4 གང་ལ་གང་འདུལ་ཚུལ་དུ་ནི།། དེ་ལ་དེར་སྟོན་མཐུན་པར་སྣང་།། ཐུགས་རྗེའི་ཉི་ཟེར་ཀུན་ལ་ཁྱབ།། འགྲོ་བ་ཡོངས་ལ་སྣང་ནུས་པ།། སྤྲུལ་པ་སྐུ་ཡི་བཞུགས་ཚུལ་ལོ།། ཡེ་ཤེས་རང་རྩལ་ཕྱོགས་བཅུར་ཁྱབ།། སྐུ་གསུམ་ངོ་བོ་གཅིག
83a5 གི་ངང་།། ཡེ་ཤེས་གསུམ་གྱི་རང་བཞིན་ཅན།། རང་གི་ངོ་བོ་གཅིག་ཏུ་གནས།། ངོ་བོ་དུས་གསུམ་འགྱུར་བ་མེད།། རང་བཞིན་རྟག་ཏུ་འགྲག་པ་མེད།། ཐུགས་རྗེ་ཀུན་ལ་རང་སྣང་ངོ་།། ངོ་བོ་ཉིད་དང་རང་བཞིན་དང་།། ཐུགས་རྗེ་ཡི་ནི་སྣང་བ་ཡང་།།
83a6 ཅན་རྣམས་ལ་སྣང་བའོ།། ངོ་བོ་གང་དུའང་མ་གྲུབ་པས།། རང་བཞིན་སྣང་ཆ་གསལ་བར་སྣང་།། ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས།། བྱ་དང་བྱེད་པ་མེད་པར་ཤར།། རང་བྱུང་རང་ཤར་རང་གྲོལ་ལོ།། རྟོགས་དང་མ་ཏོགས་སྔོན་རོལ་དུ།།
83a7 སངས་རྒྱས་སེམས་ཅན་གཉིས་མ་ཕྱེ།། དངོས་པོ་གཤིས་ཀྱི་འདུག་ཚུལ་དེ།། གཞི་ཡི་གནས་ཚུལ་དེ་ལྟར་རོ།། གཞི་ལ་མི་མཐུན་མང་དུ་བཤད།། ངོ་བོ་ངེས་ཚིག་དབྱེ་བ་དང་།། མཐུན་དཔེ་དག་དང་བཞི་བཞིས་ཏེ།། ངོ་བོ་ཐིག་ལེ་ཉག་གཅིག་གི




iiif viewer powered by OpenSeadragon

82b - 83b

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba