e-texts navigator
Collection
Volume
Page
Wylie

80a1 སྐད་ཀུན་དང་ངལ།། གཟུང་འཛིན་འགྲུབ་རྣམ་རྟོག་མྱེད།། སངས་རྒྱས་སེམས་ཅན་ལ་མགུག།། ཆོས་མེད་ཆོས་ཀྱི་འདུ་ཤེས་མེད།། གང་མྱེད་ནི་མེད་ཅི་ཡང་མེད།། རིན་ཆེན་འདའ་བར་སྐུ་རུ་བཞུགས།། ཡ་ནས
80a2 སྤྱན་ལགས་ལ་འགྲིབ་མེད།། གསལ་དངས་ཟང་ཐལ་ཆེན་པོར་ཁྱབ།། ཡེ་ཤེས་འོང་ལ་མི་ནང་མེད།། ཡེ་གས་ལ་ཟང་ཐལ་ཉིད་དུ་བཞུགས།། ཡེ་ཤེས་ཐུགས་ལ་ལངས་དོག་མེད།། སྟོང་གསལ་མདངས་ལྔ་ཉིད་དུ་བཞུགས།། ཁོ་ཀ་མ
80a3 རང་གསལ་བས།། ཤེས་ཤིང་རེག་པའི་ཆ་རྣམས་ཚད།། འཛིན་པས་གཟུང་ཡུལ་གང་མེད་ཕྱིར།། རྣམ་པར་རྟོག་པའི་འཛིན་ཆགས་མེད།། འོད་གསལ་འདས་པའི་ཡེ་ཤེས་སུ།། རྣམ་དག་བྷག་མ་ཆེན་པོར་གནས།། རང་བཞིན་སྣང་བའི་སྒོ
80a4 ཆེན་ན།། མཚན་མའི་དམིགས་པ་ཡི་མེད་དེ།། དོན་གྱི་ཚུལ་འདི་ལྟར་གནས།། རང་མདངས་སྦེད་བུ་དཀར་པོའི་ཆ།། གཏིང་གསལ་ཆེན་པོ་ཉིད་དུ་གནས།། གཏིང་གསལ་ངོ་པོའི་བཀྲག་བསྐྱེད་པས།། སྣང་བ་རང་ཟང་སེར་པོའིཆེ།། མི་མངོན
80a5 གཏིང་ནས་རང་ངོ་གསལ།། རང་ངོ་ཆགས་མེད་མདངས་བསྒྲེད་པས།། རང་གིས་བཅིངས་པ་བྲལ་བ་ཡིས།། ཆགས་པ་རང་ཟད་དམར་པོའི་ཆ།། གཏིང་གསལ་མ་འདྲེས་ཆེན་པོར་གནས།། མ་འདྲེས་སོ་སོའི་མཚན་འཛིན་པ།། བྱ་བཙལ
80a6 བསྐྱོད་པ་བྲལ་བ་ཡིས།། མཛད་པ་མེད་པའི་ལྗང་གུར་ནི།། ཐོག་མ་རྣམས་ཀྱི་ཟེར་དུ་ཡང་།། མི་མངོན་གཏིང་ནས་གསལ་བའི་ཆ།། གཏང་གསལ་ཁྱབ་པའི་འབྲེལ་བྱེད་པའི།། འགྱུར་མེད་རྫོགས་པའི་མཐིང་ག་ནི།། ལོ་རྫོགས་བྱས་པ་མེད་པར
80a7 གནས།། སྐུ་ནི་སྣང་ལ་མཚན་ཉིད་བྲལ།། ཡི་ནས་རང་དག་ཆེན་པོ་ལ།། རྫོགས་ཆེན་རྣམས་ཀྱི་རྩེ་མོར་གནས།། དེ་ཡང་དངོས་པོར་མ་གྲུབ་པས།། རྟག་པ་ཟེར་ཟུག་ཅན་དུ་མེད།། རྒྱ་ཆད་ཅན་དུ་མ་ཡིན་ཏེ།། རང་བཞིན་འོད་གསལ་ཚུལ་དུ




iiif viewer powered by OpenSeadragon

79b - 80b

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba