| | e-texts navigator
|
79b1 འདས།། འཁྲུལ་མ་འཁྲུལ་ཡང་གྲག་པ་མེད།། ཐུགས་དེས་ཀུན་ཁྱབ་ཡེ་ཤེས་པས།། མི་མཛདང་སྣ་ཚོགས་ཤར་བའི་ས།། མཛ་བ་ལྟར་སྡང་ང་བ་རྫོགས།། ཆོས་སྐུ་སྣང་བའི་དང་བཞིན་ལས།། ལེ་གས་ཐུགས་རྗེམ་བྱིན་བཅོག་པ།
79b2 ངང་གིས་སེམས་ཅན་རྣམས་ལ་ཤར།། འདི་མེད་འཁོར་འདས་སྡེ་ཆད་པས།། མཁྱེན་པ་རིག་ཅིང་གསལ་བ་དེ།། རྩལ་ལྡན་རྩལ་ཕྱིར་དེ་མི་འབྲེང་།། ང་ཡི་ན་ང་ལ་བདག་གཟུང་མེད།། ངོ་བོ་ཉིད་ལ་འཁོར་འདས་གསལ།། སྟོབས་དང་ཤུགས།
79b3 གཉིས་འཆང་བའི་བདག། བཞི་ལྡན་ཆོས་སྐུའི་ཚུལ་དུ་བཞུགས།། དེ་ལྟར་ཆོས་སུ་ཀ་དག་ནི།། ནམ་མཁའི་དཀྱིལ་ལྟར་འགྱུར་ཟློག་མེད།། རི་རབ་ལྟ་བུ་གཡོ་འགུལ་མེད།། རྒྱ་མཚོ་ལྟ་བུར་ཁ་གཏིང་མེད།། གསེར་དངུལ་ལྟ་བུར་འགྱུར
79b4 པ་མེད།། འདི་ཉིད་ཆོས་སྐུ་ཀ་དག་ཡིན།། དེ་ཡི་སྙིང་པོ་ཡེ་ཤེས་ནི།། འཁོར་དང་འདས་པ་མི་གནས་པའི།། ཆོས་ཉིད་སྟོང་པ་ཀུན་ཁྱབ་པས།། ཡེ་ཤེས་རང་ངོར་གནས་པ་ལ།། གསུམ་དང་བཞི་རུ་དབྱེར་མེད་དོ།། ཀ་དག་ལྷུན་གྲུབ་གཞི
79b5 དེ་ལ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ།། ཡེ་ཤེས་སྒྲིབ་གཡོག་ཡེ་གྲོལ་གནས།། ཐེག་པ་བསམ་ཡས་གནས་ལུགས་ཉིད།། ཡེ་ཤེས་གསུམ་དང་སྒྲ་བཞིའི་ཀློང་།། ཡེ་ཤེས་གསུམ་གྱིས་གཞི་ཁྱབ་སྟོན།། སྐུ་ནི་བཞི་ལྡན་དགོངས་པ
79b6 ཡང་།། ཡེ་ཤེས་ཟང་ཐལ་ཉིད་དུ་གནས།། ཟང་ཐལ་དེ་ཡི་བཀླག་མདངས་ཡང་།། རང་བྱུང་ཡེ་ཤེས་འོད་སྦྱར་ཤར།། དཔེར་ན་ཉི་མའི་སྙིང་པོ་འདྲ།། དེ་ཡང་ཆོས་སྒྱུ་ཡེ་ཤེས་ལ།། མདུན་རྒྱུབ་མེད་པར་ཟང་ཐལ་ལོ།། ཡེ་ཤེས་ལུས་ཅན
79b7 དེ་བཞིན་གཤེགས།། ཡེ་ཤེས་ལུས་དེ་ལུས་ཀྱི་མཆོད། ཡེ་ཤེས་ལུས་ལ་ཤ་ཟག་མེད།། སྤྲོས་བྲལ་ཡེ་ཤེས་ཀ་དག་ནི།། ངོ་བོ་ནམ་དག་སྙིང་པོའི་གཞི།། དེ་ལ་ཚིག་དང་ཡི་གེ་བྲལ།། བརྗོད་པས་གཏན་ལ་དབབ་ཏུ་མེད།། སྒྲོ་འདོགས་ཐ
iiif viewer powered by OpenSeadragon
79a - 80a