e-texts navigator
Collection
Volume
Page
Wylie

79a1 སངས་ལ་རྒྱས་དེ།། ཆོམ་ཉིད་ཀྱི་སྣར་བ་ལ།། ང་བ་ཉིད་ཀྱི་སྒྲ་ཤ་ཏྭེ།། ཆོས་སྒྲ་ཐིག་ལེ་ཞག་གཅིག་གོ།། ངོ་བོ་ཉིད་ཀྱི་སྣང་བ་ནཱི།། ཡེ་ཤས་ལྡན་གྲུབ་ཆེན་པོར་བཞུགས།། དེ་ཡང་གནས་ལུགས་འདི་།
79a2 ཚད་མེད་པའི་ཡེ་ཤེས་དང་།། ལྷུན་གྱིས་གྲུབ་པའི་སངས་རྒྱས་དང་།། སྤོས་དང་བྲལ་བའི་ཆོས་ཉིད་དང་།། མཐའ་དང་བྲལ་བའི་རིག་པ་དང་།། དག་པ་ཆེན་པོའི་སྡང་བ་དང་།། ཕྱོགས་ལྷུང་མེད་པའི་ལྟ་བ་དང་།། སྤང་ཐོབ་མེད་པའི་འབྲས་བུ་དང
79a3 ཡངས་པ་གསལ་བ་མི་འགྱུར་བ།། ཟང་ཐལ་ཡེ་ཤེས་མ་འགགས་པ།། མ་འཁྲུལ་བ་ཡི་ཆོས་ཉིད་དོ།། ཕྱི་ཡི་རྒྱ་ཡང་མར་ལཱ་ཏེ།། ནང་དུ་འོད་ལྔ་མ་འགགས་པ།། སྐྲ་དང་ཡེ་ཤེས་འདུ་འབྲལ་མེད།། ངོ་བོ་སྟོད་པ་ཆོས་ཀྱི་སྒྲ།། ཀ་དང་།
79a4 ཆེན་པོའི་ཡེ་ཤེས་ནི།། མ་རིག་ལ་སོགས་རྟོག་པ་འགག། རང་བཞིན་གསལ་བ་ལྷུན་གྲུབ་སྒྲ།། རང་བཞིན་ཡེ་གྲུབ་ཡེ་ཤེས་ནི།། གསལ་བྱེད་རང་དངས་ཉིད་དུ་གནས།། དགོངས་པ་ཡངས་པ་ཡེ་ཤེས་སྒྲ།། ཡེ་ཤེས་མཁྱེན་པའི་རྫོགས་པའི་ཆ
79a5 ཤུགས་ཀྱི་སེམས་ཅན་རྣམས་ལ་འཆར།། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ།། ཡེ་ཤེས་རོལ་པ་ཆོས་སྤུའི་རྩལ།། འགག་མེད་ཆོ་འཕྲུལ་ཅིར་ཡང་སྣང་།། ངོ་བོ་ཀ་དག་ཡེ་ཤེས་ལ།། མ་རིག་པ་ཞེས་སྲིད་མེད་པས།། གཅིག་དང་གཉིས་ཀྱི
79a6 གྲངས་མེད་པས།། གང་དུའང་མོ་ཕྱེ་ཆོས་ཉིད་ལ།། ཡེ་ཤེས་ཙམ་དུ་གྲུབ་པ་མེད།། རང་བཞིན་ལྷན་གྲུབ་ཡེ་ཤེས་ཞེས།། ཡུལ་དང་ཡོན་ཏན་འགག་མེད་པས།། རོལ་པ་ཙམ་དུ་སྣང་བ་ལས།། སྣ་ཚོགས་རྫོགས་པའི་གཞི་མའོ།།
79a7 དགོངས་པ་ཡངས་པའི་ཡེ་ཤེས་ལ།། འཁྲུལ་ཞེས་ཙམ་དུ་བདོད་དུ་མེད།། དེ་བཞིན་མ་འཁྲུལ་པ་ཡང་ཅི།། དེ་ཕྱིར་འཁྲུལ་པ་གདོད་ནས་དག། མ་རིག་པ་ཉིད་ཡོད་མ་མྱོང་།། རིག་པ་ཙམ་དུ་གྲག་པ་མེད།། རིག་མ་རིག་གི་ཐ་སྣང




iiif viewer powered by OpenSeadragon

78b - 79b

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba