e-texts navigator
Collection
Volume
Page
Wylie

77b1 སྱཱད་ཅེས་ནི་གསོལ་པ་ལ།། སྟོན་པ་གྲག་སྐྱོང་ཚིག་ཏུ་བྱོན།། གྱཧཱུ~ཾ། སེམས་དཔའ་རྡོ་རྗེ་ཉོན།། འཁོར་རྣམས་ཡིད་རབ་ཚིམ་བྱའི་ཕྱིར།། མ་གྲུབ་ཐོག་མའི་གང་རོལ་དུ།། ཀུམ་ཁྱབ་ཡེ་ཤེས་གནས་ཚུལ་རོ།། འཛིན་པ་མེད་པའི་སྟོན་པངས།།
77b2 སྤྲོས་མེད་རང་དག་གཞལ་ཡས་སུ།། ཉིད་དང་དབྱེར་མེད་སྡང་འཁོར་ལ།། མཚན་མ་རས་མེད་གསུང་གིས་ནི།། སྨོས་པ་མེད་པའི་ཚིག་རྣམས་ཀུན།། མི་སྣང་བ་དང་ཟད་ཐུགས་ལས་བྱུང་།། མ་གསུངས་གསུང་བ་མེད་པར་ནི།། མརྣམ་པ་ཆེ
77b3 པོའི་ངང་དུ་བསྟན།། རང་གསལ་དག་པའི་སྟོན་པ་ངས།། འོད་ལྔ་རྣམ་དག་གཞལ་ཡས་ནས།། སྤོས་མེད་གཏེར་ཆེན་གསུང་གིས་ནི།། སྐུ་ལྔ་རིགས་ཀྱི་འཁོར་རྣམས་ལ།། དངོས་མེད་དག་པའི་ཆོས་རྣམས་ནི།། ཡེ་ཤེས་འདུས་པའི་ཐུགས།།
77b4 ལས་ཕྱུང་།། རྣམ་དག་འོད་ཟེར་ལྗགས་ལ་བཀྲམ།། རང་བྱུང་ཡི་གེ་ཐམས་ཅད་དུ།། མ་གསུངས་རང་བྱུང་ཆེན་པོར་བསྟན།། སྦྲུལ་སྐུ་མངོན་ཞེན་མེད་པ་ཡིས།། ཆོས་འབྱུང་འདུས་བྱས་རང་གནས་ནས།། རིགས་དྲུག་ལས་སད་སྐལ་ལྡན
77b5 ལ།། སྤོས་བཅས་གསུང་གི་ཚིག་གིས་ནི།། དབང་པོ་གང་མོས་ཆོས་རྣམས་ཀྱང་།། དྲན་པ་རང་གསལ་ཐུགས་ནས་ནི།། དབང་པོ་འདོད་མེད་ལྗགས་ལ་བཀྲམ།། ཐེག་པ་གྲངས་ཀྱི་ཆོས་སུ་བསྟན།། ངས་བསྟན་སྤྲོས་པའི་ཚིག་རྣམས་ལ།།
77b6 དོན་ཅི་བཀའ་ལ་གྲངས་མང་སྟེ།། འདི་ཀུན་མཚོན་པར་ཁྱོད་ལ་བསྟན།། འགྱུར་བ་མེད་པའི་སེམས་ཀྱིས་ཟུང་།། ཐོག་མ་དག་དག་གསལ་སྟོང་བྱབ།། སྤྱིར་ཡང་རྒྱ་ཆང་ཕྱོགས་སྤང་བྲལ།། ཀུན་གཞི་ལེ་ནས་བཙོས་བསླང་མེད།། ཟེ་སྟོང་པ།
77b7 རང་བཞིན་གསལ།། ཐུགས་རྗེ་ཀུན་ལ་སྡང་ནུས་པའི།། གཞི་འོང་ཁྱིམ་ལྟ་བུ་ལ།། འགྱུར་བ་མེད་པས་རྡོ་རྗེ་འདྲ།། འབྱུང་བཞི་དམིགས་པའི་རྐྱེན་མི་གནས།། གཞི་དེ་མ་བཅོས་ལྷུན་གྲུབ་ཡིན།། དེ་ཡང་ཡེ་ཤེས་ཆེན་པོ་ཉིད།




iiif viewer powered by OpenSeadragon

77a - 78a

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba