| | e-texts navigator
|
76a1 གཙིགསངས་རྒྱས་འཁར་དང་སྐྱུགས།། སྐྲ་གསུམ་ལ་རྫོགསུ་འབྲས་བུ་ལྟོས།། དུས་གསུམ་འབྲས་མེད་དོ་མནན་ན།། ཕར་ཕྱིན་པས་ག་ང་མ་ཐས་པར་།། སྒྲིབ་བྱང་རྫོགས། གཉིས་ཡེ་ནས་རྫོགས།། ཛ
76a2 པ་གཅེར་བཞག་ཀུན་མཉམ་ལྟོས།། ཐམས་ཅད་རྒྱན་ཤར་ངོ་མཚར་ཆེ།། སྤང་དང་ལེན་པའི་ཆོས་རྣམས་ཀུན།། ཉོན་མོངས་གཏན་སྦུགས་འཆིང་གྲོལ་མེད།། ཡེ་སྟོང་ཀ་དག་དང་ལ་ལྟོས།། སངས་རྒྱས་གཡོངས་ངོ་མཚར་ཆེ།། བྱ་བྱེད
76a3 ཡེད་པྱོད་བསྒོམ་པ་ཡིས།། ཡེ་གྲོལ་མ་ཤེས་ལྷུང་བར་འགྱུར།། མི་སྐྱོང་སྟོང་པ་དངོས་ཅན་ལྟོས།། མེད་པ་བདག་འཛིན་ངོ་མཚར་ཆེ།། སྣང་སྲིད་འཁོར་འདས་ཀུན་སྐྱེས་ཀྱང་།། སྨྲེ་མེད་ངང་དངས་ཀ་ནས་དག། ཨེ་མ་ཧོ།། བྱུང་གནས་མེད
76a4 པའི་རང་རིག་ལ།། འགྲོ་འོང་མེད་པ་ངོ་མཚར་ཆེ།། ཀུན་ཏུ་འཇུག་བྱེད་ཡིད་དྲུག་ལ།། བཏེནས་མེད་དེ་བློ་ལས་འདས།། ཐམས་ཅད་སྡུད་པའི་ཀུན་གཞི་ལ།། བཞགས་མེད་དེ་ངོ་མཚར་ཆེ།། འཁོར་འཁྲུལ་ཀུན་གཞི་མ་རིག་པ།། འགྱུར་མེད་ཀ་དག
76a5 བྱང་ཙལ་བྲལ།། ཐམས་ཅད་ཡུལ་ཞེན་ཉོན་མོངས་ལ།། གཞི་རྩ་མེད་པ་དོ་མཚར་ཆེ།། ཕྲ་དང་རགས་པའི་དྲི་མ་ལ།། ཆགས་པ་མེད་པ་ཡི་དག་ཡིན།། ཨེ་མ་ཧོ།། གཞི་རྩ་མེད་པའི་ཆོས་ཉིད་འདི།། མ་བཙལ་ཅོག་བཞག་ངོ་མཚར་ཆེ།། @
76a6 འོང་མེད་པའི་རིག་པ་ལ།། ཐུག་པ་མེད་པ་ངོ་མཚར་ཆེ།། མ་བཀོད་གསལ་བའི་དག་དབྱིངས་ལྔ།། ཕྱི་དང་ནང་མེད་ངོ་མཚར་ཆེ།། རང་སྣང་དག་པའི་འོད་ལྔ་ལ།། འཆར་ནུབ་མེད་པ་ངོ་མཚར་ཆེ།། ཤར་བ་མེད་པའི་སྒྲོན་མ་ལ།། ནུབ་པ་མེད་པ་ངོ་མཚར
76a7 ཆེ།། ཆ་ཕྲ་སྤོས་མེད་ཐིག་ལེ་ལ།། ཝ་ལྔས་བརྒྱན་པ་ངོ་མཚར་ཆེ།། མི་འགྱུར་རིག་པའི་རང་སྦྲུལ།། འགྲོ་འོང་མེད་པ་ངོ་མཚར་ཆེ།། སྡང་བ་རང་དག་ཆེན་པོ་ལ།། མཐའ་མེད་རྒྱ་ཆེ་ངོ་མཚར་ཆེ།། དབྱིངས་དང་རིག་པ་རང་འབྲེལ་ལ།། འགྲོས་པ་མེད
iiif viewer powered by OpenSeadragon
75b - 76b