e-texts navigator
Collection
Volume
Page
Wylie

75b1 སྔོན་མ་ཨཤཱ་།། ། མཱམ། །། ། ང་གན་ས་མྱོས།། སྨྲས་ང་ས་ཐས་བྱུང་བ་འདས་ན།། མ་སྤོད་སུ་མྱེད་དག་པའོ།། ། སྐང་ཐབ་མེད་པའི་རང་སྲས་སྷོ།། གྲུབ་མ་བྱུང་བའི་བླ་གནས།
75b2 མི་གྲག་གྲག་སྟོང་ཚུལ་དུ་ནི།། ། ཐོས་མ་མྱོང་བའི་ཆོས་ཉིད་གཏམ།། ཡེ་ཀློང་ཆེན་པོའི་དོན་རྣམས་ཀུན།། འདི་ཡི་ཡུལ་དུ་ཤར་གྲོལ་ཏེ།། སྤྲོས་མེད་སྤྲོས་པའི་རྒྱུ་མེད་པས།། མཉམ་ཡང་ཆོས་ཀུན་མ་འདྲེས་པར།། ཐིག་ལེ་ཉག་གཅིག
75b3 ངས་བཤད་ཉོན།། ཨེ་མ་ཧོ།། ལྟ་བ་རང་བྱུང་ཡེ་ཤེས་ལྟོས།། དགེ་སྡིག་ལས་འདས་ངོ་མཚར་ཆེ།། གཞི་ནི་མ་བསྐྱོད་ཁྱབ་གདལ་ཆེ།། ལུས་ངག་ལྟ་སྒོམ་ཕན་གནོད་བྲལ།། དངོས་པོ་གཤིས་ཀྱི་འདུག་ཚུལ་ལྟོས།། སྣང་བ་མ་བསྒྱུར
75b4 ངོ་མཚར་ཆེ།། བདེ་སྡུག་དྲན་པས་མ་ཅི་ཤར་ཡང་།། དོན་ལ་འགྱུར་མེད་དངོས་པོ་བྲལ།། སྟོང་པ་ཡེ་ཤེས་ཀུན་འབྱུང་ལྟོས།། དྲན་པསམ་སྤྱོད་པ་སྣ་ཚོགས་ཀུན།། རོལ་པའི་རྩལ་ཤར་ངོ་མཚར་ཆེ།། སྐྱེ་འགག་གཉིས་ཀྱི་མཐའ་དང་བྲལ།།
75b5 ཆོས་ཉིད་ཀུན་ཁྱབ་ཡེ་ཤེས་ལྟོས།། སྐྱེ་མེད་ལྷན་སྐྱེས་ངོ་མཚར་ཆེ།། སྐྱེ་འགྲོ་ཀུན་གྱི་སྲོག་བཅད་ཀྱང་།། དགེ་སྲེག་ཕན་གནོད་གཉིས་དང་བྲལ།། རང་ཤེས་སྟོང་པ་ཀུན་སྣང་ལྟོས།། རང་སྣང་དང་གྲོལ་ངོ་མཚར་ཆེ།། ཆོ་འཕྲུལ་སྣ་ཚོགས་ཅི་ཤར་ཡང་།། །
75b6 ཐོག་མའི་གཞི་ལས་གཡོས་པ་མེད།། རིག་སྟོང་ཀུན་གྲོལ་སྣང་བ་སྨོས།། རང་གིས་རང་རྙེད་དོ་མཚར་ཆེ།། ཉོན་མོངས་འགྱུ་དྲན་ཅི་ཤར་ཀྱང་།། རང་ཤར་རང་གྲོལ་བཅོས་སླད་བྲལ།། རིག་རྟོང་གསལ་དག་ངོ་བོར་ལྟོས།། འབད་མེད་འབྲས་ཐོབ་པོ
75b7 མཚུར་ཆེ།། གཅིག་པོ་དེ་ཡི་དོན་ཤེས་པས།། འཁོར་འདས་གཉིས་མེད་ཀུན་གྲོལ་དག། སྟོང་པ་ཀུན་བཞག་ཚད་ལ་ལྟོས།། འགྲོ་དྲུག་ཁམས་གསུམ་མ་ལུས་པ།། སྐུ་གསུམ་རང་སྣང་ངོ་མཚར་ཆེ།། འགྲོ་རྣམས་སྒོམ་སྦྲུལ་མ་བྱས་པར།། དུས




iiif viewer powered by OpenSeadragon

75a - 76a

Texts on this page

Gdg025.12 - chos thams cad kyi don ston pa rdzogs chen thig le nyag gcig ye nas bya rtsol bral ba