e-texts navigator
Collection
Volume
Page
Wylie

73b1 ནི་ཁྲེལ་ཤོར་དག་ཆོམས་བྱེད།། མན་ཚྭ་ཤོར་ལུས་ཚགས་སྟོད།། ཀུན་པ་དཀོན་མཆོག་དཀོར་ལ་འབགས།། བྱིས་བརྒན་གྲོད་ལས་ལ་བརྩོན།། གཉེན་དུ་བཙས་པས་དགྲ་རུ་འོངས།། བས་ན་དྲུག་གི་ཁ་ལེན་བྱེད།། མྱུར་བསྟེན་པ་ནི་བདུད་དུ་འབབས།། གདོན་དུགླུ་དང་ས་བདག་སྲུང་།། ཨིནི་བཙན་དང་རྒྱ་རོས
73b2 འདྲེན། ནང་དུ་རིམས་དང་དུག་གིས་འདེ་བླ།། ཆོས་སྐོར་དགྲ་ཚད་བྱེད་པ་སྟེ།། ཨ་རབས་ལམ་འཕྲང་བསྲུང་ཞིང་འཚོ།། ཁྲིམས་ལ་བག་ཙམ་གནས་པའི་ཚེ།། ང་ཡི་རྒྱུད་ཀྱིས་གྲོལ་བར་བྱེད།། རྒྱུད་ཆེན་ནོར་བུ་ནམ་མཁའ་འདི།། ནོར་བུ་ནམ་མཁའ་འདི་ཐོས་པས།། ཐོས་པས་དྲེད་པའི་གཏིང་འཁྱགས་དང་།། བྲོས་ཟུང
73b3 བློ་ལླ་མ་རྟོགས་མང་དང་།། ཁ་ད་ཀར་གཏིད་ནག་སྲེག་གངས་འདྲ།། གཞོགས་སློད་སྙིང་འདོད་རྡོ་གསེར་ཆུ།། སྐྱེར་ཚེར་དར་གྱིས་གཏུམས་འདྲ་ལ།། སྲོག་ཆགས་ཀུན་པའི་ཁ་བཞིན་སྡོམ།། ཆེ་རྒྱུད་དྲེགས་པས་བཅིང་བ་བཞིན།། བཙུན་པ་བཙད་པོ་སློབ་དཔོན་དང་།། རྗེ་དཔོན་སྔགས་ཀྱི་སྣོད་མིན་གསོད།། བསྟན་ཡང
73b4 བྲན་མེད་སྣོད་ང་ན་གཉིས།། བུ་དང་ཆུང་མ་གཉིས་ལས་སྡེ།། འཇིག་རྟེན་ནུར་འགྱུར་འབྲེད་སྔོན་བྱེད།། སེར་རྫས་གཏོད་ཕོད་ཚུལ་ལ་སྡོམ།། ལྷ་ལོག་མུ་སྟེགས་སྐྱོན་ཅན་གཞི།། དམ་མེད་སློབ་དཔོན་མཉེས་མི་བྱེད།། རུ་མ་ཐུགས་སེམས་ཅན་ཆུང་བཞིན་སྡོམ།། དད་པ་སྒྲོན་མེད་གསང་བརྡུ
73b5 བླ་མ་རྣམ་གཉིས་རྟག་ཏུ་འཁུད།། བླ་མ་མཉེས་བྱེད་གཏོང་ཕོད་ཆེ།། སྲོག་ལུས་བུ་སྨད་ནོར་མི་འཕངས།། ལཾ་ལོ་གཡོ་མེད་དམ་ཚིག་བརྩོན།། ཚེ་ཆེན་བཕྲག་མེད་ཐེག་ཆེན་བློ།། བག་ཡངས་སྤྱོད་པ་གསང་བ་ཐུབ།། དབང་པོ་སྐྱོན་མེད་ཡན་ལག་བདེ།།
73b6 དྲང་ཁམས་བཟང་ཉམས་སུ་ལེན།། གཞན་གྱིས་མི་འགྱུར་གཅིག་ལ་གདམས།། ཁ་གཅིག་གཏིང་གཅིག་བྱིས་པའི་སྤྱོད།། དེ་འདྲའི་སྐལ་ལྡན་བུ་ཡིས་སྤྱོད།། ཅེས་གསུངས་སོ།། དེ་ནས་སྟོན་པ་ཉིད་མྱ་ངན་ལས་འདས་སོ།། ལག་ན་རྡོ་རྗེ་ལ་སོགས་པ་འདུས
73b7 བདེརྣམ་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། སྐུ་གསུང་ཐུགས་རྡོ་རྗེ་རྩ་བ་ཐམས་ཅད་རྫོགས་པའི་སྤྱད་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་སོ་ལྔཔའོ།། རྫོགས་སོ།། ། ཤྩན་གྱི་སློབ་དཔོན་བབུ་དང་། བོད་ཅི་དགེ་སློང་ནམ་མངའི་བྱེང་པོས་བརྫུར་ཅིང་གཏན་ལ་རང་པའོ།། །། རྒྱན་བྱ།




iiif viewer powered by OpenSeadragon

73a - 74a

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud