e-texts navigator
Collection
Volume
Page
Wylie

72a1 སླེབ་ལ་གཔའ་སྐར།། དུས་ཆོད་མཚོན་ཆས་སྲོག་ལ་དབབ།། མེ་ཆུ་ཤིང་དང་ས་སྔགས་ལ།། རང་གཤེད་དང་ལ་འབབ་དྷས་བྱ།། ཀུང་ལ་ཕུར་པ་ཤིང་གིས་གངབ།། གླང་ལུག་འབྲུག་དང་ཁྱི་ཡི་གཤད།། ཤཱ་ར་སྐར་དུག་དང་སྟན་ཡོས
72a2 ལྤགྶ།། ཤང་ལ་ཉི་མ་མི་གད་མར་དང་།། རྟ་སྦྲུལ་ལྷོ་སྐར་དྲུག་དང་སྤང་།། ཇི་ལ་ཟླ་བ་ལག་པ་དེས།། བྱི་ཕག་བྱང་སྐར་དྲུག་ལའོ།། ཁྱི་འབྲུག་ཤར་སྐར་བཞི་ཡིས་སོ།། སྐག་ལ་པ་བ་སངས་བྱ་སྤེལ།། ནུབ་སྐར་དྲུག་དང་གྱུར་བར་བྱ།། ཀུང་ལ་སྒེག་གི་ཐོད་པར་བྱ།། རྟག་ལ་ན
72a3 གི་སོང་བར་བྱ།། ཇི་ལ་འུ་ཡི་ཐོད་པར་བྱ།། ཤང་ལ་ཇི་ཡི་ཐོད་པར་བྱ།། བུལ་ཀྲུང་གིས་ཐོད་པར་བྱ།། གཤེད་ཀྱི་ཟླ་བ་བསྟན་པ་ནི།། དཔྱིད་སྟོན་རབ་སྟག་སྤེལ་ཀེག། སྟོན་དཔྱིང་འབྲིང་པོ་བྱ་ཡོས་ཀེ་ག། དཔྱིད་སྟོན་ཐ་མ་འབྲུག་གི་ཀེར།། དབྱར་འབྲིང་དགྲན་འབྲིང་བྱ་རྟའི་ཀེ་།
72a4 དབྱར་དགུན་ཐ་མ་གླང་ལུག་ཀེ་ག། དབྱར་དགུ་ན་རབ་ཕག་སྦྲུལ་ཀེག། ཞག་ཀ་ག་དུས་ཚེང་མཁས་པས་བརྟག།། རང་གཤེད་དུས་ལ་བབ་དུས་བྱ།། ཕོ་མོ་སྐོར་སྐོར་དགྲ་གྲོགས་གཤེད།། གཟའ་རྒོད་འགྱུ་རུས་ཕུང་བར་ངེས།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ངན་སྐབས
72a5 གཤེད་མ་གཙུག་ལག་རྩིས་ཀྱི་བསྟན་པ་བཟུང་བའི་ལེའུ་སྟེ་སོ་གཉིས་པའོ།། །། དེ་ནས་ཡང་བཀའ་སྩལ་པ། གསང་སྔགས་རྡོ་རྗེའི་ཐེག་པ་འདིར།། སོ་སོའི་བྱེ་བོ་ལྷ་མི་ནས།། ཁམས་གསུམ་འགྲོ་བ་རིགས་དྲུག་དང་།། ལོག་ལྷ་མུ་སྟེགས་རྟག་ཆད་དང་།། ཉན་ཐོས་སྡེ་པ་རང་རྒྱལ་ནས།།
72a6 བྱང་སེམས་དབུ་མ་སེམས་ཙམ་དང་།། ཀྲི་ཡ་ཨུ་པ་ཡོ་ག་སྟེ།། མ་ཧཱ་ཨ་ནུ་ཨ་ཏི་རྣམས།། ཐེག་ཆེན་རྡོ་རྗེ་འདི་དང་འབྲེལ།། དོན་རྣམས་ལ་ཤན་མཁས་པས་དབྱེ།། དང་པོ་རབ་ཏུ་དགའ་བ་ནས།། བཅུ་པ་བཅུ་གསུམ་ས་ལམ་ཡང་།། ཐེག་ཆེན་གནས་ལུགས་འདི་དང་འབྲེལ།། དོན་འབྲེལ་དོན
72a7 ལ་བཅི་བར་བྱ།། གནས་ལུགས་སྙིང་པོ་བཞི་སྐོར་ལ།། ཆོས་སྐུའི་དགོངས་པ་ཤེས་པར་བྱ།། ཤེས་རབ་ཕ་རོལ་ཕྱིན་ཞེས་བྱ།། དེ་ཡི་དོན་ལ་རྣལ་འབྱོར་བརྩོན།། བརྩོན་འགྲུས་ཕ་རོལ་ཕྱིན་པ་ཡིན།། གནས་ལུགས་དོན་ལ་ཡེངས་པ་མེད།། བསམ་གཏན་ཕ་རོལ་ཕྱིན་པ་ཡིན།། གནས་ལུགས་མ




iiif viewer powered by OpenSeadragon

71b - 72b

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud