| | e-texts navigator
|
70a1 ལ་སོགས་ཏེ།། ཐོགས་ཀྱི་ཏ་ནི་བསག་པར་བྱ།། བདུད་ཅུ་དྲི་ཆེན་ཁལ་གཅིག་གམ།། ཅི་འབྱོར་ཅི་མང་ལེགས་བསྐམས་དང་།། བུམ་པ་བརྩེགས་མར་ལྡུགས་པའི་ཚེ།། མརརཱ་ཁཱིཥྚ་ཁབུས་བཏབ་བྱས་ལ།། ཛྭལ་ཆེན
70a2 བཅུད་ཅན་རུས་པ་གཞུག། ཤིན་ཏུ་དོད་ནང་བུམ་པ་གཞུག། ས་མཚམས་བུམ་པ་བརྩེགས་བྱས་ཏེ།། གསང་སྒོ་བུམ་པ་ལྔ་མས་བྲིང་།། ཤིན་ཏུ་གདུག་པའི་ཤིང་བརྩིགས་ཏེ།། མེ་བཇུག་འབར་བའི་བོར་དག་དུ།། ཆུ་གཏོར་ཀྱད་གཏོར་ཕུད
70a3 གཏད་ལ།། བདེན་པ་བདར་ལ་མཚམས་བཅད་དེ།། བུམ་པ་ཡི་དམ་དཀྱིལ་འཁོར་དམིགས།། དྲི་ཆེན་ལྷ་ཚོགས་ཁྲོས་པར་དམིགས།། ལྕགས་སམ་གཙུབ་ཤིང་མེ་བཏོན་ལ།། གདུག་པའི་ཤིང་ལ་སྦར་བར་བྱ།། བསྙེན་གྲུབ་ཡི་དམ་གཞུང་དུ
70a4 བསྲང་།། གཏོར་ཚོགས་མཆོད་པ་ཅི་ལྡན་དབུལ།། དྲི་རླངས་མི་གཏང་ཁ་སྲུབ་བསྡམ།། ཞག་གཅིག་དག་ཏུ་མེ་མིག་ཅད།། མི་ཤི་དངོས་གྲུབ་ཚུལ་དུ་བླངས།། རང་བཟའ་ལྷ་ལ་མཆོད་པ་བྱ།། བདུད་རྩི་མར་ཁུ་རིན་ཆེན་སྡོད།། ལ་འམ་ཟླ་བའི
70a5 ཞག་གྲངས་སུ།། གཞན་ལ་མི་བསྟན་གསང་བར་བྱ།། དངོས་གྲུབ་མི་ཡལ་དམ་ཚིག་ཡིན།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུང་ལས། རྫས་བསག་ཅིང་བདུད་རྩིར་བཞུ་བའི་ལེའུ་སྟེ་ཉེར་དགུ་པའོ།། ། དེ་ནས་པ
70a6 རྡོརྡོ་རྗེ་སྟན་ལས་ལངས་ནས། གཙོ་བ་མདུན་དུ་འདུག་གདོང་དུ་བལྟས་ནས་མིག་མི་འཛུབ་པར་བྲལ་མ་ལྟར་ཏེ་གུས་པར་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། ཙེ་སྱེ་སྟོན་པ་རྡོ་རྗེ་འཆང་།། བདུད་ཅི་མར་ཁུ་ལ་ནཾ།། ཡོན་ཏན་ཙམ་འབྱུང་བ་ལགས།། གྲོ
70a7 སུཾ་གང་དོང་སྦྱོར་བར་བྱ།། ཞེས་གསོལ་པས། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་རྗོད།། བདུད་རྩི་མར་ཁུ་བཟའ་བར་བྱ།། ཚེ་དང་བསོད་ནམས་འཕེལ་བ་དང་།། འབྱུང་བ་སྒོམས་ནས་ལུས་བདེ་སྟེ།། འགེགས་ཀྱིས་མི
iiif viewer powered by OpenSeadragon
69b - 70b