| | e-texts navigator
|
67b1 ཚིག་ནུས་པ་སྟེ།། མི་འོང་བ་ཡི་རང་དབང་མེད།། གསང་མཚན་རྒྱལ་བ་སློབ་དཔོན་དཀའ།། བཀའ་ལས་མི་འདའ་འོང་བར་འགྱུར།། དམ་ཚིག་སྔོན་གྱི་ཁས་བླངས་ཡིན།། དམ་ལས་མི་འདའ་འོང་བར་འགྱུར།། སྲོག་ནས་བོས་པས་རང་གིས་རང་།།
67b2 བསྐུལ་ནས་རང་དབང་མེད་པར་འོང་།། རིགས་ནི་པ་ཡི་ཚེ་འབྲང་སྟེ།། ཉེ་བར་འོང་ནས་ལས་བྱེད་དེ།། དྲིལ་ནས་བོད་པས་འགྲུབ་པར་བྱེད།། རྐྱང་པ་གཉིས་སྡེབ་གསུམ་དུ་དྲིལ།། བཞི་ཚང་ལྔ་དྲིལ་དྲུག་ཀ་དྲིལ།། ཤམ་བུའི་སྔགས་དང་བདུད
67b3 ལྡན་ན།། དམོད་མོའི་ལས་འགྲུབ་གདོན་མི་ཟ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དྲག་སྔགས་དམོད་པའི་ལེའུ་སྟེ་ཉེར་བཞི་པའོ།། །། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།
67b4 སྒྲུབ་པ་འདས་དང་འཇིག་རྟེན་ལ།། སྲོག་སྙིང་གཉིས་ཀྱི་བསྲུབ་པ་བྱ།། སྲོག་ནི་སྐྲ་གསལ་གཟུགས་གསལ་ཡིན།། སྙིང་པོ་དཔའ་བོ་འབྲུ་ལྔ་དང་།། ཡ་མ་ནཱ་ག་ཏྲི་ལ་སོགས།། དྲག་སྔགས་མི་མཚང་བོད་པ་སྟེ།། བསྙེན་པ་བསླབ་དང་ལ
67b5 སྔགས་ཡིན།། སྲོག་ནི་གསལ་བ་གསུམ་གྱིས་འཕྲོག། དང་པོ་ཡིད་ལ་གསལ་བར་བྱ།། དངོས་པོ་ལྟ་བུར་གསལ་བར་བསམ།། གཉིས་པ་དབང་པོའི་ཡུལ་ལ་གསལ།། བལྟས་ཤིང་དངོས་པོ་ལྟ་བུར་མཐོང་།། དཔེར་ན་ཆུ་ནང་ཟླ་བ་བཞིན།།
67b6 དངོས་མེད་དངོས་པོར་གསལ་བའོ།། གསུམ་པ་ལུས་ཀྱི་རེག་བྱར་གསལ།། ཆེ་ཆུང་ཅི་ཡང་དངོས་སུ་སྣང་།། ཡུལ་གསུམ་གསལ་བ་རབ་ཀྱི་ཚད།། འཇིག་རྟེན་པ་ཡི་ཚད་ཡིན་ནོ།། གདམས་ངག་མུང་དུ་གདབ་པ་ཡིན།། དངོས་པོའི་བདུད་ཀྱིས
67b7 བསླུས་པ་སྟེ།། ཡུལ་མེད་གདམས་པ་རབ་ཏུ་གཅེས།། གསལ་སྟོང་དོན་རྟོགས་དངོས་སུ་འཁོར།། སྲོག་གི་དོན་པོ་དགུ་དང་ལྡན།། མཐོང་དང་རེག་དང་ཟ་བ་དང་།། འཇིས་དང་གཏམ་དང་གཟུགས་པ་དང་།། བསྒོ་དང་ལྡན་དང་ལས་བྱེད་དངོས།། འཇིག
iiif viewer powered by OpenSeadragon
67a - 68a