e-texts navigator
Collection
Volume
Page
Wylie

67a1 རིགས་ནས་བོད་པ་ཡིན།། རུ་དུ་མཚང་ནས་བོད་པ་ཡིན།། ཏྲག་ནི་རང་རྟགས་སྲོག་ཡན་ལ།། མ་འ་དྲ་རུ་གསང་མཚན་ཡིན།། ས་མཱ་ཡཱ་ནི་དམ་ཚིག་གོ།། གཉིས་གསུམ་ཇུག་ཀ་དྲིལ་བས་བོད།། བཟང་གྲི་བོད་པ་བཛྲ
67a2 པོ་ནི།། ཐ་མས་དྲངས་ན་མིང་དུ་བོས།། དུ་རུ་ཡེ་ཡ་རིགས་སུ་འཇུག། ཙན་ཏིས་དྲངས་ན་མཚང་ཡིན་ནོ།། བཛྲ་ཐིབས་ནི་གསང་མཚན་ནོ།། དུ་ཏྲི་དང་རྟགས་སྲོག་ཉིང་ཡིན།། ས་མ་ཡ་ནི་དམ་ཚིག་ཡིན།། གཉིས་སམ་དྲུག་སྡེབ་དྲིལ་བ་ཡིན།།
67a3 རིགས་བདུན་ནི་འདི་ལྟ་སྟེ།། གྲང་གིས་དྲངས་པ་མིང་ཡིན་ཏེ།། རླུང་རིགས་ནས་བོད་པ་ཡིན།། བྷ་ག་སོང་ནས་བོད་པ་ཡིན།། བཛྲ་གསུང་མཚན་དྲི་སྲོག་སྤྲིང་།། ས་མ་ཡ་ནི་དམ་ཚིག་གོ།། སྡེབ་ནས་ཀུན་ཚད་དྲིལ་པ་ཡིན།། གིང་གི་བདུན་ཡང་འདི
67a4 དག་སྟེ།། གིང་ཀ་མིང་ལ་རཱ་ཙ་རིགས།། ཤི་མ་ནི་མཚང་ལ་ཐི་ནི་རྟགས།། ཙ་པ་གསང་མཚན་བོད་པ་ཡིན།། ས་མ་ཡ་ནི་དམ་ཚིག་གོ།། དེ་རྣམས་གཅིག་ཏུ་དྲིལ་བས་འོད།། ཐེ་བྲང་ས་དྷ་ས་དྲངས་ན་མིང་།། ཏྲིའུ་མཚང་ལ་ཏྲི་དུ་རྟགས།། བཛྲ་གས
67a5 མཚན་ཡ་ཏྲི་རིགས།། དམ་ཚིག་དྲལ་བ་བདུན་ཡིན་ནོ།། གཤིན་རྗེའི་བདུན་ནི་འདི་རྣམས་ཏེ།། པྲཾ་སྟི་མིང་ལ་དྲི་སྣ་མ་ཚང་།། ཡ་མེ་གསང་མཚན་ཡ་མ་རིགས།། ཡཀྵ་རང་རྟགས་སྲོག་སྙིང་རིགས།། ས་མ་ཡ་ནི་དམ་ཚིག་ལ།། གཅིག་ནས་དུག་སྡེབ
67a6 དྲལ་བ་ཡིན།། འཇིག་རྟེན་ཀུན་འཇུག་ཁྱབ་འཇུག་གཟའ།། ཀ་ཏ་ས་དྲངས་ན་མིང་ནས་བོད།། དྷ་ཧུ་ལ་ནི་མཚང་ཡིན་ནོ།། ཙ་པ་ཏི་དྲངས་གསང་མཚན་ལ།། ཡ་མས་དྲངས་ན་ཕ་མའི་རིགས།། པ་ཤརང་རྟགས་སྲོག་སྙིང་ཡིན།། ས་མ་ཡ་ནི་དམ་ཆོག
67a7 མིང་ནས་དམ་ཚིག་བར་དུ་མཚང་།། དྲལ་ནས་བོད་ཟད་ལས་སྦྱོར་ཡིན།། དྲེགས་པས་སྒྲུབ་པ་དེ་བཞིན་བྱོས།། ལེགས་པར་མ་ཤེས་རང་སྲོག་ཕུད།། ལེགས་པར་རྟོགས་ཤིང་མཁས་པར་གྱིས།། མིང་ནས་བོད་པནལ་མ་ཡིན།། མཚང་ནི




iiif viewer powered by OpenSeadragon

66b - 67b

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud