e-texts navigator
Collection
Volume
Page
Wylie

65b1 རླུང་མ་མོར་ཞལ་འཆོས་དང་།། ཤན་ཟག་འཐུང་སྲོག་ལ་གཅོད།། བཀྲག་མདངས་འཕྲོག་ཅིང་དབུགས་རྔུབ་པས།། ཕོ་ཉ་ཟོད་གཏོང་མ་མོར་བྱས།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས།། བོད་གཏོང་མ་མོའི་ལེའུ་སྟེ་ཉེར་གཅིག
65b2 པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པ་ཐམས་ཅད་དབང་དུ་བསྡུས་ནས། དེ་ཡི་ལས་ལ་རྣམ་གཉིས་གསུངས།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། འཇིག་རྟེན་ལས་ལ་རྣམ་གཉིས་ཏེ།། འཇིག་རྟེན་མཚོ་དང་རྩོད
65b3 སྒྲུབ་པ་ནི།། འཇིག་རྟེན་ཕོ་མོ་ཚོགས་ལ་སྟེ།། ཕ་མེས་རྒྱུད་ནས་ཆགས་པ་དང་།། སློབ་དཔོན་རྒྱུད་ནས་ཆགས་པ་དང་།། རིགས་རྒྱུད་སྔོན་ནས་ཆགས་པ་དང་།། འདུག་ས་གནས་ཤིང་ཆགས་པ་དང་།། ལེགས་ཉེས་ཞལ་ལྕེས་ཆགས་པ་དང་།།
65b4 མགོན་སྐྱབས་སྟོང་གྲོགས་ལྷ་བརྒྱད་ནི།། ཕྱོགས་སུ་མཆོད་ཅིང་བསྟན་པ་དང་།། ལུས་དང་གྲིབ་བཞིན་འགྲོགས་པ་ཡིན།། ཤིན་ཏུ་ཉེ་བར་བསྟེན་ཐབས་ལ།། ཁང་བུ་བཅའ་ཞིང་རྟེན་བཙུགས་ལ།། ཚུལ་བཞིན་མཆོད་ཅིང་དམ་བསྲེས་པས།།
65b5 དེ་ལྟར་བཅོལ་བའི་ལས་བྱེད་དེ།། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་ཡིན།། ཁྱེ་སྙིང་ཕྲུལ་ཆགས་ལྟར་འཁོར།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། འཇིག་རྟེན་མཆོད་བསྟོད་སྒྲུབ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །
65b6 དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བསྟན་པའི་རུ་གཟུགས་པའི་ཕྱིར། དྲེགས་པ་ཐམས་ཅད་དང་ང་དུ་བསྡུ་བའི་ཏིང་ངེ་འཛིན། རྡོ་རྗེ་འོད་འཕྲོས་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ།། དེ་མ་ཐག་ཏུ་ལྷ་དང་ཀླུ་དང་གཟའ་རྒོད་དང་། བདུད
65b7 དང་། གཤིན་རྗེ་དང་། མ་མོ་དང་། གནོད་སྦྱིན་དང་། བཙན་དང་། སྲིན་པོ་ལ་སོགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་བསྤུ་དང་། སྒྲ་ཐམས་ཅད་ལངས། སྙིང་ནི་འདར། སེམས་དང་ཡིད་རྣམ་ཤེས་སྟོང་པ་སྟེར་བསྤངས་ཏེ། སྐད་ཅི




iiif viewer powered by OpenSeadragon

65a - 66a

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud