e-texts navigator
Collection
Volume
Page
Wylie

65a1 གཏོར་སྒྲུབ་པ་ནི།། ཆོས་ཉིད་གཞལ་མ་མོ་དང་།། རྟོགས་པ་ཡེ་ཤས་མ་མོ་དང་།། འཁྲུལ་པ་ལས་ཀྱི་མ་མོར་འདུས།། མནི་ཉིང་པོའི་གནས་ལྤགས་ཡིན།། སོ་ནི་འཁོར་འདས་གནས་ལུགས་ཡིན།། མནམ་བཅོས་ཀུན་གྱིག་ན།
65a2 ནི་གཞི་ལས་ཅིར་ཡང་སྲིད།། མནི་ཕྱོགས་ལྷུང་རྗེ་ཆང་མེད།། ཨོཾ་ནི་རང་བྱུང་ཀུན་གྱི་གཞི།། མནི་སྣང་སྲིད་ང་ལས་བྱུང་།། ཆོས་ཉིད་ཀུན་གཞིའི་མ་མོ་ཡིན།། མནི་ཆོས་ཀྱི་སྒྲ་ཡིན་ན།། མོན་ལོངས་སྤྱོད་རྫོགས་པའི་སྲ།། མ་མོ་ཀུན་གྱི
65a3 ཡིན་ནོ།། འཁོར་འདས་མ་ལུས་འབྱུང་སྦྲུལ་སྭ།། ཡེ་ནས་མ་ཤེས་ཡེ་ཤེས་ཡིན།། འབྱུང་ལ་གྱི་ལ་མ་མ་ཡིན།། ཤ་ཁྲག་དྲོད་དབུགས་ནང་མ་མོ།། རང་སེམས་ཀུན་སྲིད་གསང་བ་ཡིན།། ཀུན་གྱི་ལས་བྷེད་ལས་མ་མ།། དེརབ་སྲིད་པའི་ཡུམ
65a4 དྲུག་ནས།། གང་རྒྱ་སྲིན་མོ་ལ་སོགས་པ།། གདུལ་བྱ་རྟེན་གྱི་མ་མོ་ཡིན།། ཅལ་ཞོན་ནས་ཁྲག་ལ་རྒྱུ།། དོན་སྙིང་ཡན་ལག་དབང་པོར་བཅུད།། འབྱུང་འཇུག་དངས་རྟོགས་ལས་བྱེད་པས།། རྣམ་ཤེས་ནང་གི་མ་མོ་ཡིན།། རང་སེམས་རྣམ་ཤེས
65a5 ཏཞོན་ནས།། ཡིད་ཆུད་འགྱུ་དྲན་འཛིན་ཆགས་ཀྱིས།། ཆགས་སྡང་ཡེ་ཤེས་ལས་བྱེད་པས།། གསང་བ་སེམས་ཀྱི་མ་མོ་ཡིན།། ཡེ་ཤེས་མ་མོ་དབྱིངས་ཀྱི་ཡུམ་ལ་ཆད།། དབྱིངས་དང་ཡེ་ཤེས་གཉིས་སུ་མེད།། མ་ཟད་དབྱིངས་ཀྱིས་ཡེ་ཤེས
65a6 འཁོར།། ལས་ཀྱི་མཱ་མོ་དགྲལ་ཟད།། དགྲ་བགེགས་བདུན་རྒྱད་ཙ་བ་ཆད།། མ་རྦད་བསྟན་པའི་ཆོས་ལ་གནོད།། ཡེ་ཤེས་མ་མོ་སྒྲིབ་མེད།། ལས་ཀྱི་མ་མོ་འགག་པ་མེད།། མ་མོའི་རིགས་ཉེ་བསམ་མ་ཁྱབ།། བྱེ་ནང་གསང་བའི་མ་མ
65a7 ནས།། ངེས་པ་རྣོན་གྱི་མ་མོ་དང་།། དབྱིངས་ཀྱི་ཡེ་ཤེས་མ་མ་དང་།། ཕན་གནོད་ཀྱི་ལ་མ་མོ་དང་།། ཕན་གནོད་ནང་གི་མ་མོ་དང་།། ཕན་གནོད་གསང་བའི་མ་མོ་དང་།། སྤྲུལ་པ་དམ་ཚིག་མ་མོ་རྣམས།། ཅལ་གནས་ཤིང་ཁྲག་ལ་རྒྱ།




iiif viewer powered by OpenSeadragon

64b - 65b

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud