e-texts navigator
Collection
Volume
Page
Wylie

64b1 ཞེས་བྱ་བ།། འདུ་བར་གྱུར་པ་བདུད་རྣམས་ལ།། སྨན་ལ་སེལ་མེད་མཁས་པས་བཏུང་།། ནད་ཀྱི་བདུད་ལ་སྨན་གྱི་རྩེ།། བདུད་རྩིའི་ཡོན་ཏན་བསམ་མེ་ཁྱབ།། ཅེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། བདུད་རྩིའི་ལེའུ་སྟེ་བགུ་དབུ
64b2 བྱའོ།། ། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། ཕུར་བུ་ཐལ་འབྱིན་དགོངས་པ་ནི།། ཆོས་ཉིད་ཡེ་ཤེས་ཕུར་བ་དང་།། གསང་བ་བྱང་སེམས་ཕུར་པ་དང་།། ཚད་མེད་སྦལ་བའི་ཕུར་པ་དང་།། མཚན
64b3 མརྫས་ཀྱི་ཕུར་པ་བཞི།། གདབ་པའི་ཡུལ་དང་གདབ་པའི་ཐབས།། ཐེབས་པའི་ཚད་དང་མ་ཐེབས་སྐྱོན།། ཐེབས་པའི་འབྲས་བུ་ཕུང་བུ་རྫོགས།། ཆོས་ཉིད་ཡེ་ཤེས་ཕུར་བ་དེ།། ཡུལ་ནི་ཆོས་ཀྱི་དབྱིངས་ལ་གདབ།། གདབ་ཐབས་ཤེས་བྱ་བཞི་མོར
64b4 ཐེབས་ཚད་གཞི་ལམ་གཉིས་སུ་མེད།། མ་ཐེབས་ཉོན་མོངས་ཆུད་དྲུག་འཁོར།། འབྲས་བུ་ཡུལ་མེད་ཆོས་ཀྱི་སྐུ།། གསང་བ་བྱུང་སེམས་ཕུར་པད།། རྟོག་ཚོགས་ཡུམ་གྱི་མཁའ་ལ་གང་བ།། མཁའ་ལ་རྒྱལ་བའི་སྲས་རྣམས་བསྐྱེད།། དེ་ལ་ཕུང་པ་མཐོངས
64b5 ན།། སེམས་དཔའི་དཀྱིལ་འཁོར་བསྐྱེད་མི་ནུས།། འབྲས་བུ་མཚོན་པའི་ལོངས་སུ་འབྱུང་།། ཚད་མེད་སྤྲུལ་པའི་ཕུར་བ་ནི།། རིགས་དྲུག་འཁོར་བའི་ཡུལ་ལ་གདབ།། མ་བཏབ་འཁོར་བདྲུག་ཏུ་འརྩམས།། བཏབ་པས་ཐུགས་རྗེ་ཐབས་ཀྱིས་ཟིན།། ཐུགས
64b6 རྗེའི་དཔྱང་ཐག་ཆད་པའི་ཕྱིར།། འབྲས་བུ་འགྲོ་དོན་སྤྲུལ་སྐུར་རྫོགས།། མཚན་མ་རྫས་ཀྱི་ཕུར་པ་ནི།། བསྟན་དགྲ་དམིགས་པའི་ཚུལ་གྱིས་གདབ།། ཐེབས་ཚད་ཕྲིན་ལས་རྣམ་བཞིར་བརྟག། མཐེབས་མ་ཤེས་དགྲ་བགེགས་དེར།། འབྲས་བུ་སྤུ་ལྔ་ཡེ་ཤེས
64b7 ཡང་དག་དགྲ་བགེགས་ཞི་བའི་ཕྱིར།། ཕུར་པ་ཕྲིན་ལས་རིམ་པར་བསྟན།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཕུར་པ་གདབ་པའི་ལེའུ་སྟེ་ཉི་ཤུ་པའོ།། ། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། མ་གོ་ང




iiif viewer powered by OpenSeadragon

64a - 65a

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud