| | e-texts navigator
|
64a1 པོ་ཡིན།། རུ་ལུ་ཞེན་ལས་རང་བཞིན་ཡིན།། རུ་ལུ་སྨན་དྲང་བསྟོད་པ་ཡིན།། སྭ་ལུ་ཆོས་ཉིད་དེ་ལྟར་ཡིན།། དུ་ལ་དོན་རྟོགས་བལྟ་བ་ཡིན།། གོམས་པ་མཐུར་ཕྱིན་འབྲས་བུ་ཡིན།། སྣང་བ་ཐམས་ཅད
64a2 ཏོགས།། གྲགས་པ་ཐམས་ཅད་གསུང་དུ་ཤེས།། གཉིས་སུ་མེད་པར་རྟོགས་པ་ཐུགས།། དཔལ་ཆེན་རེ་བ་མི་བྱེད་དེ།། ངན་སོང་གནས་ལ་དོགས་མི་བྱེད།། ལས་འཛིན་ཁུར་འགྲོགས་རང་ངོ་ཤེས།། ཞེས་གསུངས་སོ།། སྐུ་གསུང་ཐུག
64a3 ཟུད་ལས། རུ་ལུ་འབྲུ་བརྒྱད་ཀྱི་ལེའུ་སྟེ་བཅོ་བརྒྱད་པའོ།། ། དེ་ནས་སྟོན་པས་བཀའ་སྩལ་པ།། ཉོན་ཅིག་ལག་ན་རྡོ་རྗེ་སོགས།། བདུད་རྩི་ཡོན་ཏན་སྒྲུབ་པ་ནི།། བདུད་རྩི་རྣམ་པ་བཞིར་འདུ་ཏེ།། ཆོས་ཉིད་འདུ
64a4 པ་དང་།། ལྷ་སྔགས་བདུད་རྩི་བསྟན་པ་དང་།། དམ་རྫས་བདུད་རྩི་བསྟན་པ་དང་།། སྨན་མཆོག་བདུད་རྩི་བསྟན་པའོ།། ཆོས་ཉིད་བདུད་རྩི་ཞེས་བྱ་བ།། མ་རིག་འཁྲུལ་པ་བདུད་ཡིན་གྱིས།། གནས་ལུགས་ཡེ་ཤེས་རིག་བརྩི།
64a5 བྱས་པའི་བདུད་རྩི་ཡིན།། གནས་ལྤགས་མ་བཅོས་རྒྱ་ཆད་མེད།། ཕྱོགས་མེད་རང་བྱུང་སུ་ཟ་བ།། རིགས་དྲུག་ཉོན་མོངས་བདུད་ཀྱི་ཅི།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བདུད།། ཆོས་སྒོ་བརྒྱད་ཁྲི་བའི་སྟོང་རྩི།། ཆོས་ཉིད་བདུད་རྩི་ཆེ་མཆོག
64a6 ཡིན།། ལྷ་སྔགས་བདུད་རྩི་བསྟན་པ་ནི།། ཕུང་པོ་རྣམ་ལྔ་བདུད་ཡིན་ཏེ།། ཆེ་མཆོག་རིགས་ལྔའི་དྷི་ཡིས་བཏང་།། དམ་པ་རིགས་བརྒྱས་རྟོགས་ཚོགས་བསྒྱུར།། ཨོཾ་ཨཱཿཧཱུཾ། སརྦ་པཉྩ་ཨ་མྲྀ་ཏ་ཧཱུ~ཾ་ཥྚྲཱི་ཛྲ། ལྷ་སྔགས་བདུད་རྩིར་ཤེས་པར་བྷ།
64a7 ཡོན་ཏན་བསམ་གྱིས་མི་ཁྱབ་པས།། དོན་མཆོག་བདུད་རྩི་ཞེས་བྱའོ།། དམ་རྫས་བདུད་རྩི་བསྟན་པ་ནི།། དམ་རྫས་རྣམས་ལ་སྐྱོན་མེད་དེ།། རྣམ་རྟོག་བདུད་ལ་རྟོག་མེད་ཅེ།། མཉམ་ཉིད་ཡོན་ཏན་ཆེ་མཆོག་རྩི།། སྨན་རྣམས་བཅུ
iiif viewer powered by OpenSeadragon
63b - 64b