e-texts navigator
Collection
Volume
Page
Wylie

63b1 གདམས་པར་གྱིས།། ཏ་སྐད་པར་མས་ལྟབ་བཏག། ཆོམ་བུ་བནི་ཚོམས་བརྟག་པ་གཉིས།། ཆོས་ཀྱི་སྒོམ་ཟླ་སྐད་གསུང་།། དང་ཨ་སོགས་ཐོགས་ཀྱི་ཤེས།། ཏསྐ་མཐུང་མ་མིན་ལས་པའི།། སྲོག་དང་སྙིང་ཐོས་སྐྲག་ཐོགས་ཏེ།། ཏྲཱུ་གང་དང་།
63b2 པོས་བསྔག་པར་བྱ།། རྟ་སྐད་གཉིས་པས་དྲན་དུ་གཞུག། རྟ་སྐད་གསུམ་པས་དབང་དུ་བསྡུ།། རྟ་སྐད་མཐའ་མའི་གོ་རིམ་མོ།། ཞེས་གསུངས་སོ།། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གསུང་གི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས
63b3 ཡང་སྟོན་པས་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་འཛིན་པ་སོགས།། ཡང་དག་ཐུགས་ཀྱི་སྒྲུབ་པ་ཡང་།། རུ་ལུ་འབྲུ་བརྒྱད་དགོངས་པར་འདུས།། རུ་ལུའི་ངོ་བོ་ཆོས་ཉིད་ཡིན།། རུ་ལུའི་འཕྲོ་འདུ་སྤྲོ་ལུགས་དང་།། རུ་ལུའི་རྣམ་པར་དབྱེ་གོ་དང་།། རུ་ལུའི
63b4 མཐར་རྫོགས་འབྲས་བུ་རྫོགས།། རུ་ལུའི་ཆོས་ཉིད་གནས་ལུགས་ཏེ།། དཔལ་ཆེན་རང་བཞིན་བསྟན་པར་བྱ།། རང་བཞིན་ཡེ་ནས་བཅོས་པ་མེད།། དེ་ལ་རྒྱ་ཆད་ཕྱོགས་ལྷུང་མེད།། མ་བཅོས་པས་ན་རང་བྱུང་ཡིན།། རང་བཞིན་ཅི་ཡང་ཡིན་པར
63b5 ཤེས།། རྭ་ནི་ཆོས་ཉིད་དབྱིངས་སུ་གཅིག། ཝཱ་ནི་གནས་ལུགས་སྐྱེ་བ་མེད།། རུ་ལུ་སྐྱེ་འགག་མེད་པ་ཡིན།། ཧཱུ~ཾ་ནི་ཐམས་ཅད་སྙིང་པོ་ལ།། བྷྱོ་ནི་མ་མོའི་བྷ་གར་ཤེས།། རུ་ལུ་ཆོས་ཉིད་དོན་དུ་སྦྱར།། རུ་ལུའི་འཕྲོ་འདུ་བསྟན་པ་ནི།། ཏིང
63b6 འཛིན་གསུམ་གྱིས་ཁོག་ཕུབ་ལ།། སེམས་དཔའི་རང་བཞིན་གས་ལ་བྱས་ལ།། རུ་ལུ་ལྷགས་སུ་སྤོ་བ་དང་།། རུ་ལུ་མཚོན་ཆར་སྤོ་བའོ།། མཆོད་སྦྱངས་དྲེགས་པ་ཚར་བཅད་ཡིན།། བསྐྱེད་དང་རྫོགས་པའི་དོན་ཞེས་བྱ།། རུ་ལུ་དབྱངས་སུ
63b7 ཤེས་བྱ་སྟེ།། དུང་དེ་ཟིང་དེ་ཤ་རྩབ།། གར་རྩ་བ་དང་ཅང་ཀ་དེ།། བང་ཀ་སྟེ་ལ་སོགས་པའི་དབྱངས།། སྲོད་དང་ཐོ་ངས་དུས་དྲུག་བླངས།། ཉམས་དག་འཟིལ་གྱིས་གནོན་པ་ཡིན།། རུ་ལུ་ལྷ་ཡི་རྣམ་པ་ཡིན།། མུ་ཊ་དཀྱིལ་འཁོར་ཆེན




iiif viewer powered by OpenSeadragon

63a - 64a

Texts on this page

Gdg025.11 - sku gsung thugs rdo rje rtsa ba thams cad rdzogs pa'i rgyud