e-texts navigator
Collection
Volume
Page
Wylie

5b1 དང་བྲལ།། སྒོམ་མེད་ལྟ་བའི་ངང་གིས་གསལ།། མཚོན་པའི་ཚིག་གིས་བཀྲི་དང་བྲལ།། སྐྱེ་མེད་གདེང་ཆུབ་འདུ་འབྲལ་མེད།། སྣང་མེད་རིག་པ་དངོས་པོ་བྲལ།། ཡང་དག་ཟུགས་ལ་སྤྲོབསུ་མེད།། མ་སྤོས་སྤུན་གྲུབ་རིག་པ་ཤར།། ཀུན་ཁྱབ་དོན་འདུས་མཐའ
5b2 མ་རེག། ཡེ་ཤེས་སུ་མཆོག་ཆོས་སྲུ་བརྡལ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། འགྲོ་དྲུག་སེམས་ཅན་རང་བྱུང་སུ།། འདི་ལྟར་སྣང་བ་མ་ལུས་ཀུན།། གདོད་ནས་མེད་པའི་དོན་རྟོགས་པས།། ཡེ་ཤེས་གཅིག་གི་དང་དུ་འདུས།། ལུས་ངག་ཡིད་ཀྱི་བྱ་བ་རྣམས།།
5b3 བྱས་ནས་འཆིང་བའི་ལས་ཡིན་པས།། གཞིལ་མེད་ཅེས་བཙལ་མི་དགོས།། མ་བསྒོམས་འདུ་འབྲལ་མེད་པར་བལྟ།། རྫོགས་པ་ཆེན་པོ་མང་བྱུང་དོན་གྱི་སྙིང་པོ་དང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། མ་རིག་མུན་པ་སེལ་བའི་ལེའུ་སྟེ་བདུན་པའོ།། ། ད
5b4 འདུས་པའི་སྙིང་པོ་ཉོན།། སངས་རྒྱས་སེམས་ཅན་འབྱུང་བ་ཀུན།། གློ་བུར་བྱུང་ཕྱིར་གནས་ལུགས་མིན།། དེ་ཕྱིར་འཇིག་རྟེན་ཆོས་ལ་དཔེ་མི་ལང་།། ། འཁོར་འདས་གཞི་མ་དོན་མ་རེག། དེ་ཡང་འདུས་པའི་འཁོར་རྣམས་ཉོན།། ཕ་མེད་མ་མེད་ནགས་ཀྱི་བྱེའུ།། ནམ
5b5 མཁའི་མཐོངས་སུ་འཐོན་པ་ལྟར།། བློ་བུར་འཁོར་འདས་གཉིས་པར་ན།། ཆོས་སུ་རྟོགས་པས་མ་རིག་སྤངས།། གདོད་མའི་རང་བྱུང་འདི་ཉིད་ནི།། ལྟང་རྟོགས་པས་ཆོག་པའི་ཕྱིར།། འཁོར་འདས་གཉིས་པོ་གདོད་ནས་མེད།། ཡུལ་དང་མ་བྲལ་ངོ་བོ་ཉིད།།
5b6 རྟོགས་པའི་དོན་ལ་གནས།། ཡེ་རྫོགས་ཆོས་ཀླུའི་སྙིང་པོ་ཡིན།། དེ་དོགས་མཔ་ཀུན་རྣམ་པར་ཞི།། ཚིག་ཏུ་མཚོན་མེད་ཡེ་ནས་བདེན།། གཅིག་དང་དུ་མ་མཐའ་ཡི་ཆོས།། དེ་ཕྱིར་འཁོར་འདས་གཉིས་ལས་འདས།། འདི་ཞེས་མ་བཀླགས་ལྟ་བའི་ཆོས།
5b7 ང་ཡང་འདུས་པའི་སྙིང་པོ་ཉོན།། དངོས་པོ་མེད་བྱེར་རྟོག་པ་བྲལ།། ཀུན་ལ་ཁྱབ་པས་ཆད་པ་ཐལ།། དབུས་མཐའ་བྲལ་བས་རང་བྱུང་སྐུ།། ཆོས་སྐུནམ་མཁའ་ལྟ་བུ་ལ།། བརྗོད་མེད་ལྟ་བ་དྲན་པའི་གཟུངས།། དེ་དོན་བྱིན་ཅི་མ་ལོག་པར།། ཡཾ་ཤེས་ལམ་པ།




iiif viewer powered by OpenSeadragon

5a - 6a

Texts on this page

Gdg025.1 - rdzogs pa chen po rmad byung don gyi snying po/ /rang byung bde ba'i 'khor lo'i rgyud