| | e-texts navigator
|
5a1 བཀའ་རྐུན་སྐྱོན་གྱིས་ཆོས་བཙལ་ཡང་།། རང་སེམས་མི་རྟོགས་ངན་སོང་ལྒང་།། ད་ཡང་འདུས་པའི་སྙིང་པ་ཉོན།། ཕྲག་དག་མེད་པར་བཟང་སེམས་ཀྱིས།། སྲོག་སྙེད་རྒྱལ་པོ་ལ་བྱིན་ལ།། བྲམ་ཟེ་གསེར་གླང་འདྲ
5a2 བྱུང་།། གཉིས་ཀ་མངའ་ཐང་ཅི་བས་མ་འགྲུབ།། དེ་བཞིན་བླ་མ་ལུང་ལྡན་ལ།། ཡིད་འཐད་དབུལ་ཞིང་ཅི་གསུང་ཉན།། ཤེས་རབ་རྣོ་ལ་གསང་ཐུབ་པ།། མན་ངག་སྙིང་པོ་གནང་བའི་ཕྱིར།། སློབ་མས་རང་སེམས་རྟོགས་པར་ངེས།། དེ་ཕྱིར་བླ་མ་བཀུར་པར་གཅེས
5a3 དེས་དོན་གནང་བའི་ཐབས་སུ་བཤད།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་རྟོགས་པར་བྱ་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། འདུས་པའི་འཁོར་གྱིས་ཡང་གསོལ་པ།། ངེས་པའི་དོན་གྱི་གདམས་དང
5a4 གི།། མ་རིག་མུན་སེལ་ལྟ་བ་དང་།། འཁོར་འདས་མཐའ་ཡི་མ་རེག་དང་།། ཡེ་ཤེས་ལྷུན་གྲུབ་ལྟ་བ་གང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། ཡང་དག་འཁོར་ལ་བཀའ་སྩལ་པ།། རང་བྱུང་སྙིང་པོ་གནས་ལུགས་འདི།། ཉི
5a5 མ་ཤར་བས་མུན་པ་སངས།། དེས་ལུང་བསྟན་པས་མ་རིག་བརླག། ཐིག་ལེ་ཆོས་སྲུ་བརྡལ་ཁྱབ་སྟེ།། རིག་པ་རང་ཤར་བཅོས་པ་མེད།། དེ་དོན་ལྷུན་གྲུབ་ཡེ་ནས་གསལ།། རང་བྱུང་སྙིང་པོ་རང་གསལ་ཐུགས།། ཡེ་ནས་ཐ་སྙད་ཀུན་དང་བྲལ།། ཇི་བཞིན་གསལ་ལ
5a6 དོན་རྟོག་མེད།། དོན་དམ་སྤྲོས་བྲལ་ལྟ་བའི་མཆོག། རྩོལ་མེད་སྤྱོད་པ་ཡུལ་ལས་འདས།། ཡང་དག་ཀློང་གྱུར་དོན་ལ་མཁས།། དེ་ཉིད་དོན་ལ་སུས་སྦྱོར་བར།། ཚོགས་བརྒྱད་ཤེས་པའི་ཡུལ་ལས་འདས།། མངོན་དུ་གྱུར་པས་ཐུགས་ལ་བཀྲ།། ཀུན་གྱིས་རྟོགས
5a7 དཀང་བྱང་ཆུབ་བདེ།། མི་གཡོ་མི་རྟོག་ཆོས་སྐུ་ལམ།། རང་རིག་བདེ་བ་ཡེ་ཤེས་ཀློང་།། གཅིག་ཏུ་རྟོག་རྣ་པའི་ཐིག་ལེ་གསལ།། ལྟ་བ་དབུས་དང་མཐའ་མེད་པས།། སྤང་ལེན་མ་བཙ་ལྷུན་གྱིས་གྲུབ།། སྐྱེ་མེད་ཀློང་དུ་རིག་པ་འཕྱོ།། རྟེན་མེད་ཆགས་པའི་ཡུལ
iiif viewer powered by OpenSeadragon
4b - 5b