| | e-texts navigator
|
4b1 བའི་གདམས་དགར།། ཤེས་བརྟག་ཏུ་འབྲལ་བ་མེད།། དཡང་འདས་པའི་སྙིང་བ་ཉོན།། མ་རིག་འཁྲུལ་པ་ཡོད་བཞིན་དུ།། འབྲས་བུ་སངས་རྒྱས་ཐུགས་ལ་གནས།། དཔྱིར་གཞན་ནས་འབྱུང་བ་ཟད།། ཐོག་མ་མ་ཡིན་དུས་འདིར་དང་།། ད་ཡང་ར་།
4b2 ཡེ་ཤེས་ནི།། ཏིལ་ལ་མར་གྱིས་ཁྱབ་པ་བཞིན།། འགྲོ་དྲུག་ཀུན་ལ་རང་རིག་ཁྱབ།། སྐྱེ་འགག་མེད་པར་ཆུན་དུ་གནས།། དཔེར་ནས་གཏིང་ནམ་མཁའ་བཞིན།། འགྲོ་འོད་མེད་པར་ཆོས་སུ་གནས།། དེ་དོན་མ་རྟོགས་བློས་བསླད་ནས།། འཁོར་བར་འཁྱམས
4b3 ཉམས་པ་མེད།། རང་རྒྱུད་རིག་པའི་ཡེ་ཤེས་ནི།། སྤྲིན་མེད་མཁའ་ལ་ཉི་ཤར་བཞིན།། འདུས་མ་བྱས་པའི་ཀློང་དཀྱིལ་ན།། རང་རིག་ཡེ་ཤེས་ཆོས་སུ་བཞུགས།། རིན་ཆེན་གའུང་འོད་ཐིམ་ལྟར།། ལུས་ཀྱི་ནང་ན་ཆོས་སྨྲ་ཡོད།། ལུས་ཞིག་དྲན་པ་ལུགས
4b4 སུ་འཇུག། དེ་བཞིན་འཁོར་བའི་རྒྱུད་ཁ་འཁོར།། དོན་རྟགས་རང་རིག་གནས་སུ་ཆེ།། རིག་པ་རང་བྱུང་ངོ་བོ་དེ།། སེམས་ཅན་ཀུན་གྱི་ཡིད་ལ་གནས།། དེ་ཕྱིར་འཁོར་འདས་ཀུན་གྱི་གཞི།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བའི་འཁོར་ལོ
4b5 རྒྱུད་ལས། སེམས་ཅན་ཀུན་ལ་གནས་ལུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀུན་རིག་རྗེ་ལ་ཡང་གསོལ་པ།། དོན་གྱི་གནས་ལུགས་རྟོགས་ཐབས་གང་།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས
4b6 པའི་དོན་གསན་བཀའ་སྩལ་པ།། དེ་དོན་ངས་བཤད་ཡིད་ཀྱིས་ཉོན།། ངེས་པའི་བླ་མ་ལུང་ལྡན་ལ།། དད་པ་བརྩོན་འགྲུས་དམ་ཚིག་གིས།། བཀུད་སྟི་རིམ་གྲོ་གུས་བྱས་ནས།། མན་ངག་སྙིང་པོ་སྣང་བར་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར
4b7 ཕྲེང་ཆེན་བཞིན།། རྒྱལ་པོའི་བཀའ་ཡི་བཙོན་ཕུལ་གྱིས།། བྲིད་བསྡིགས་གཡོ་སྐྱེས་ནོར་འདོད་པ།། སྲོག་སྟོང་མེད་པས་ཕན་མི་ཐོགས།། དེ་བཞིན་ངེས་པའི་ལུང་ལྡན་གྱིས།། གདམས་ངག་ཆོས་སྐུ་མ་བསྟན་ན།། ཐབས་དང་གཡོ་སྒྱུ་སྣ་ཚོགས་ཀྱིས།།
iiif viewer powered by OpenSeadragon
4a - 5a