| | e-texts navigator
|
4a1 སྲ།། ཡེ་ནས་ནམ་མཁའི་མཐའ་དང་མཉམ།། གཎྜཱིའས་འགྱུར་མེད་བྱང་ཆུབ་སེམས།། སྐྱོན་གྱིས་མགོས་དྲན་པ་ལ།། འཕོ་གྱུར་མེད་པར་འདལ་བའི་སྒྲ།། མ་ཐུ་མོ་འགག་ང་ང་ཀློང་།། བསྒོམ་པ་མ་རྙེད་འདྲ་ན
4a2 འབྲའ་མེད་ད་ལྟ་ང་ཡི་ཐུགས།། བསྐལ་པར་འཁྱམས་ཀྱང་སྐྱེ་འཆི་མེད།། དེ་རྟོགས་རིག་པ་ཀུན་གྱི་གཞི།། མ་བསྒོམས་ཡེ་ཤེས་མཐར་ཕྱིན་པ།། རེ་བ་མེད་ཕྱིར་ལུང་མི་སྲིད།། གདོད་ནས་འགྱུར་མེད་ཡེ་ཤེས་སུ།། རྫོགས་པ་ཆེན་པོ་རྨད་ཟུང་དོན་གྱི་སྙིང་པོར་རང་བྱང་འདྲེས
4a3 འཁོར་ལོའི་རྒྱུད་ལས། གཞི་ལས་འཕོ་འགྱུར་མེད་པའི་ལེའུ་སྟེ་བཞི་པའོ།། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ཀྱི་སྐུ།། སེམས་ཅན་ཀུན་གྱི་ལུས་ནང་ན།། རང་རིག་རྒྱལ་པོ་ཡེ་ཤེས་དེ།། རང་གི་སེམས་ལ་ཡེ་ནས་གནས
4a4 ད་ཡང་འདུས་པའི་སྙིང་པོ་ཉོན།། ཡང་དག་ངེས་པའི་ཆོས་སུ་ནི།། དངོས་པོར་མ་གྲུབ་ཡུལ་ལས་འདས།། རིག་པ་རྒྱན་ཆགས་དེ་ཉིད་ནི།། འགྲོ་དྲུག་ཀུན་གྱི་སེམས་ལ་ཀཱནས།། སྐྱེ་མེད་ཡེ་ཤེས་རང་བྱུང་སྟེ།། ཆེད་དུ་མ་བྱས་རང་གསལ་བ།། དེ་ཉིད་རངའཇིག
4a5 ཙམ་ལས་ན།། བཅོས་སུ་མེད་པས་ནམ་མཁའ་འདྲ།། སེམས་ཅན་ཀུན་གཞི་བཞི་ཆལ།། རང་བྱུང་ཆོས་སྐུ་ཡོད་མེད་ཀྱང་།། ལུང་མེད་རྐྱེན་གྱིས་རང་རིག་བསྒྲིབས།། དེ་ཕྱིར་ཡེ་ཡོད་རྟོགས་པར་བྱ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། སེམས་ཅན་ལུས་ཀྱི་ཚོར
4a6 བ་ལ།། རང་རིག་ཡེ་ཤེས་རྒྱུན་མི་འཆད།། འདུ་འབྲལ་མེད་པས་ཡེ་ནས་གནས།། དེ་ཕྱིར་ཉོན་མོངས་སྲུབས་ནང་ན།། ཀུན་བཟང་ཡེ་ཤེས་སེམས་ལ་གནས།། ངེས་དོན་ལུང་བསྟན་དོན་རྟོགས་ནས།། དེ་དོན་གཞན་ནས་བསྒྲུབ་མི་དགོས།། སེམས་ཅན་བྱང
4a7 ཆུབ་སུ་འདོད་པ།། ཀུན་གཞིའི་གསེབ་ནས་དོན་ཚོལ་ལ།། དེ་ཡི་དང་ལ་གནས་པར་གྱིས།། དེ་དོན་རྒྱལ་བའི་དགོངས་པ་ཡིན།། བདེ་གཤེགས་རྣམས་ཀྱི་སྙིང་པོ་ཡང་།། སེམས་ཅན་ལུས་ལ་ཡོད་མོད་ཀྱང་།། ཤེས་པ་མ་མཐོང་ཙམ་དུ་བས།། དེ་མཐོང་ས
iiif viewer powered by OpenSeadragon
3b - 4b