e-texts navigator
Collection
Volume
Page
Wylie

3a1 གནས།། འདུས་མ་བྱས་ཀྱིནམམཁའ་འདྲ།། ད་ཡང་འདུས་པའི་སྒོ་པརྟན།། དཔེར་ན་ལྗང་ཆེན་ལྡིང་བ་བཞིན། ངས་པའི་ལྟ་བས་དང་ལྡན་པས།། སུབར་འདས་དངས་པ་ཅད་ལྡང་ཡང།། གཏུང་ངན་དོན་གདན
3a2 མེད།། མ་ཀི་ཏ་ཡིས་གང་ཐེབས་བཞིན།། ལྟ་བ་ངོ་བོ་ཉིད་རྟོགས་པས།། ཅི་དྲན་མ་བསྒོམས་ཆོས་ཉིད་གསལ།། བཞག་བླང་མེད་པ་རྒྱུད་དུ་གནས།། བི་ཤྭ་ཀརྨས་བྱས་ལེགས་བཞིན།། རྣལ་འབྱོར་སྤྱོད་ལམ་ཐམས་ཅད་དུ།། ཡེ་ཤེས་རྩབ་དོན་གྱིས་ཟིན།། ཉེས
3a3 སྐྱོན་གྱིས་གོས་མེད་པ།། ཡིད་བཞིན་ནོར་བུའི་ཡོན་ཏན་བཞིན།། རང་སེམས་ཆོས་སྲུར་དོན་རྟོགས་པས།། མི་ཡི་ལུས་ལ་སངས་རྒྱས་ཐུགས།། གདུལ་བྱ་གཟུགས་སུ་ཤུགས་ལས་འབྱུང་།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག་ངོ་བོ་གཅིག་གཅིག་ལ།། ཚིག་གིས
3a4 མཚོན་པཐ་དད་ཀྱང་།། ཡུལ་མེད་རང་གསལ་ཉིད་དུ་འདུས།། རྫོགས་པ་ཆེན་པོ་རྨད་བྱུང་དོན་གྱི་སྙིང་པོ་རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། ངེས་དོན་རྩ་བ་གཅིག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི
3a5 ལ་ཕན་དོན་དུ།། ཡིད་ཀྱིས་དྲན་པས་འདི་སྐད་གསོལ།། སྣང་མེད་ངོ་བོ་གནས་ལུགས་གང་།། གཞི་ལ་འཕོ་འགྱུར་ཇི་ལྟར་མེད།། སེམས་ཅན་ཀུན་ལ་ཇི་ལྟར་ཡོད།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ནུས་པའི་དོན་གསན་ནས།། འདུས་པའི་འཚར་པ
3a6 བཀའ་སྩལ་བ།། སྣང་སྲིད་རྡོ་བོ་གནས་ལུགས་ནི།། དུས་གསུམ་མེད་པའི་སྔོན་རོལ་ན།། འདས་པ་པས་ཀྱང་དང་བྱུང་བ།། ནུ་རྐྱེན་མེད་པའི་སྔོན་རོལ་དུ།། འབྲས་བུ་རང་བྱུང་སྙིང་པོ་བྱུང་།། འབྱུང་བ་ཆེན་པོའི་སྔོན་རོལ་དུ།། ད་དང་ནམ་མཁའ་དྲགྲ་མཉམ་གྱིར།
3a7 སངས་རྒྱས་ཐམས་ཅདད་ཉིད་ཡིན།། བསྟེན་པ་མེད་པའི་སྔོན་རོལ་དུ།། སངས་རྒྱས་པས་ཀྱང་རང་སེམས་སྨྲ།། རྟོག་པ་མེད་པའི་སྔོན་རོལ་དུ།། སྐྱ་བའི་ཆོས་སུ་རང་སེམས་བྱུང་།། སྐྱེ་འཆི་མེད་པའི་སྔན་རོལ་དུ།། མྱང་འདས་པས་ཀྱང་རང་སེམས་སྔོ།། ཆོས་ཏི




iiif viewer powered by OpenSeadragon

2b - 3b

Texts on this page

Gdg025.1 - rdzogs pa chen po rmad byung don gyi snying po/ /rang byung bde ba'i 'khor lo'i rgyud