| | e-texts navigator
|
36a1 ལ་དངས་པ། གསལ་ལ་འཚེར་བ། རང་བཞིན་སྟུག་ལ་ཐ་མང་བ། མཛེས་པའི་འོད་ཟེར་འཕྲོ་བ་མངོན་སུམ་དུ་མེད་མེད་འཆར་རོ།། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། རང་ར་གཱི་ཀྟ་དཀྱིལ་ན་རིག་པ་ཀུན་ཏུ་འཟང་པོའི་གདངས་ལ
36a2 མཚན་ཉིད་འཛིན་པའི་ཀུན་ཏུ་བཟང་པོ་སྐུ་མདོག་དཀར་པོར་བཞུགས་སོ།། ཆོས་ཉིད་ཀུན་ཏུ་བཟང་མོའི་གདངས་ལས། མཚན་ཉིད་འཛིན་པའི་ཀུན་ཏུ་བཟང་མོ་སྐུ་མདོག་མཐིང་གར་བཞུགས་སོ།། ཀུན་བཟང་ཡབ་ཡུམ་གཉིས་ཀྱི་སྐུ་རུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ།། དབུས།
36a3 རྣམ་པར་སྣང་མཛད་སྐུ་མདོགས་ཐིང་ག་སེང་གེའི་གདནཱ་ལ་བཞུགས་པ། ཕྱག་ན་འཁོར་ལོ་རྩིབས་བརྒྱད་པ་བསྣམས་པ། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་དང་། ཀུན་ཏུ་ཞལ་ཡབ་ཡུམ་ཞལ་སྦྱར་ནས། རང་རང་གི་སྙིང་གི་དཀྱི་ལན་བཞུགས་སོ།། རྡོ་རྗེ་སེམས་དཔའ་སྐུ་མདོག
36a4 དཀར་པོ་ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས་པ། གླང་པོ་ཆེའི་གདན་ལ་བཞུགས་པ། ཡུམ་སངས་རྒྱས་སྤྱན་དང་ཞལ་སྐྱོང་ནས་ཡོད་ངོ་དོ།། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱམས་པ་མི་ཐི་གཉིས། སེམས་མ་ལཱ་སེ་མ་དང་། སཱ་ལེ་མ་གཉིས་ཀྱིས་བསྐོར་ནས། རང
36a5 གི་ཙི་ཀྟའི་ཤར་ན་བཞུགས་སོ།། རིན་ཆེན་འབྱུང་ལྡན་སུ་མདོག་སེར་པོ།། ཕྱག་ན་ནོར་བུ་རིན་པོ་ཆེ་བསྣམས་པ། རྟ་མཆོག་གི་གདུན་ལ་བཞུགས་པ། ཡུམ་མཱ་མ་ཀཱི་དང་ཞལ་མྱོར་ནས་བཞུགས་སོ།། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། ཀུན་ཏུ་བཟང་པོ
36a6 གཉིས། སེམས་མ་གཱི་རྟི་མ་དང་། ནཱི་རྟི་མ་གཉིས་ཀྱིས་བསྐོར་ནས་རང་རང་གི་ཙིཏྟའི་ལྷོ་ན་བཞུགས་སོ།། སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་ན་པདྨ་འདབ་བརྒྱད་བརྣམས་པ། རྨ་བྱའི་གང་ན་ལ་བཞུགས་པ། ཡུ་མ་གོས་དཀར་མོ་དང་ཞལ་སྦྱོར་ནས་ཡོད་དོ།།
36a7 བྱང་ཆུབ་སེམས་དཔའ་སྤྱན་ངས་གཟིགས་དང་། འཇམ་དཔལ་གཉིས། སེམས་མ་པེ་མ་དང་། བུ་མ་གཉིས་ཀྱིས་བསྐོར་ནས། རང་གི་ཙི་སྟིའི་ནུབ་ན་བཞུགས་སོ།། དོན་ཡོད་གྲུབ་པ་སྐུ་མདོག་ལྔང་གུ། ཕྱག་ན་རྡོ་རྗེ་ཀྱ་གྲ་མ་བསྡམས་པ། ནམ་མཁའ
iiif viewer powered by OpenSeadragon
35b - 36b