e-texts navigator
Collection
Volume
Page
Wylie

35a1 ལ། ཕྱ་གང་གད་ང། ཨུས་ཅོ་མས་ས་ཏེ་ན། བོད་སྐད་དུ། མནང་གང་གི་དགོངས་པ་རྒྱལ་བའི་བཀའ་ཞེས་པའི་རྒྱུད། སངས་ཅས་ཐོད་མ་འགྱུར་བ་ལ་ཕྲག་འཚལ་ལོ།། འདི་སྐང་བདག་གིས་བསྟན་པའི་དས་ཅི་ན། སྐལ་བ
35a2 པོ་ཆེན་པོ། ཡེ་ཤེས་ཀྱི་གཞལ་མེད་ཡང་ན། རིགས་ལྔའི་སངས་རྒྱས་དང་། ཐུགས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དགོངས་པ་ལ་བཞུགས་སོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྒྱལ་བ་རྡོ་རྗེ་སེམས་དཔའ་ལོངས་སྤྱོར་རྫོགས་པའི་བུའི་ཞིག་ཁམས་ན
35a3 ཐུགས་རྗེ་རང་གི་དཀྱིལ་འཁོར། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་སོ།། དེའི་ཚོ་གས་བའི་བདག་པོས་འདི་སྐད་ཅེས་ལུས་སོ།། ཀྱེ་སྡེ་བཅོམ་ལྡན་འདས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་གསུང་དུགསོལ། ཞེས་ཞུས་སོ།། བཅོམ
35a4 ལྡན་འདས་ཀྱིས་བཀའ་སྩ་པ། ཀྱེ་གསང་བའི་བདག་པོ་ཁྱོད་མ་ཡེངས་པར་ཉོན་ཅིག། ངས་ཀླུ་དང་ཡེ་ཤེས་འདུ་འབྲལ་མོད་པའི་དོན་བསྟན་ཏོ།། ཀྱུ་གསང་བའི་བདག་པོ་སངས་རྒྱས་ཆོས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྐུ་དང་། ཡེ་ཤེས་འོད་ཀྱི་སྒྲ་དུ་བཞུགས་པས་མཚན་པའི
35a5 གཟུགས་སམ་མཚན་མའི་ལུས་མེད་དོ།། ཀྱེ་གསང་བའི་བདག་པོ་སངས་རྒྱས་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པ་དེ་ཡིན་ནོ།། ཁྱོད་མ་ཡེངས་པར་ཉོན་ཅིག། རང་གི་ཤེས་རིག་གི་ངོ་བོ་སྟོང་ས་དེ་བ་འདི། དངོས་པོ་དང་མཚན་མ་ཅིའི་ངོ་བོར་ཡང་མ་གྲུབ་པར་སྟོང་སར་དེ
35a6 འདུག་པ་འདི་ཀ་ཆོས་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ།། རང་གི་རིག་པ་འདི་སྟོང་པ་པ་དོ་ཙནི་སྟོང་པ་ཕྱུང་ཆང་དུ་མ་སོང་བར། རང་གི་ཤེས་པ་སང་ངེས་ལ་ལེབ་འདི་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ།། རང་གི་རིག་པའི་ངོ་བོ་སྟོང་པ་དང་། རང་གི་ཤེས་པ་ཐལ་ལེ་བ་དབྱེར་མེད་མི་ཕྱེད་པར
35a7 འདུག་པ་འདེ། སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ།། རེག་པ་མ་འགགས་པར་གསལ་བ་འདི་སངས་རྒྱས་སུ་ངོ་ཤེས་ནས་དང་རང་གིས་ལོངས་སྤྱོད་པདེ། ལོངས་སྤྱོད་རྫོགས་པའི་སུ་ཡིན་ནོ།། རང་གི་ཤེས་མས་ངེས་ལ་ལེ་བ་འདི། སངས་རྒྱས་ཡི་ན་རང་གི་ཤེས་པ་དང




iiif viewer powered by OpenSeadragon

34b - 35b

Texts on this page

Gdg025.8 - man ngag snying gi dgongs pa rgyal ba'i bka' zhes pa'i rgyud