e-texts navigator
Collection
Volume
Page
Wylie

34b1 གཡས་པའིམ་ན་བརྒྱད་ན། དྷམྦྷ་ས་རྣམ་ལ། ཞེས་པའི་མཐུང་དང་ན་པ་ཆགས་པ་མདུགས་ནགང་འཅིག་པའི་ཐོག་བ་ས།། ད་ཅེནས་གཟིགས་པསྡུ་ག་ཙུ་ཀྱེ+ེ་གག་ལ་ག་ཊཱི་གནས་པ་གཅི་འདུག་ས། ད་གསུང།
34b2 སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པ་ཞེས་བྱ་བཕུང་པོ་ལྷག་མ་མེད་པར་སྤངས་རྒྱ་བ་འདི་འདུག་གོ།། དེར་དགའ་ར་བ་རྡོ་རྗེས་བལྟས་པས། དགའ་རབ་རྡོ་རྗེ་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་སོ།། བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པའི
34b3 ཀྱི་སྐུ་ལཱ་བཱ་ཤད་པའི་ལེངྒ་སྟེ་འདུན་པའོ།། ། རྫོགས་སོ།། དབང་པོརབ་རྟོགས་པའི་ཁྱང་པར་ཅན་ལ་སྐད་ཅིག་མ་གསུམ་མམ། ཝལ་སངས་རྒྱས་རྒྱལ། དང་པོ་འཁོར་བདོད་ནས་སྐྱུགས། གཉིས་བྲ་ལ། བདེན་པ་མཐོང་། གསུམ་པ
34b4 རྗེག་ཞུའི་ཏིང་ངེ་འཛིན་ཐོབ། བཞི་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཐེན། གསལ་རིག་པ་བྱུགས་རྡོ་རྗེ་འབྱུང་ངོ་།། ཐ་མ་སྐད་ཅིག་གསུམ་ལ་སངས་རྒྱའོ།། ཞེས་གསུངས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ། སྙིང་གི་ནང་ན་རིགས་ལྔའི་སྐུ་མངོན་སུམ་བཞུགས་སོ།།
34b5 བ་མངོན་སུམ་དུ་འཆར་རོ།། ཀྱེ་གསང་བའི་བདག་པོ་གདམས་པ་བསྟན་པའི་ཚེ། སངས་རྒྱས་ཀྱི་སྐུ་མེ་ལོང་གི་གཟུགས་བརྙན་བཞིན་འཆར་རོ།། རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཚིག་གསུམ་པའོ།། དགའ་རབ་རྡོ་རྗེས་ཐུགས་ཀྱི་དཀྱིལ་དུ་ཐོས།། ཞེས
34b6 གསུངས་སོ།། དེ་ནས་ཡང་རྡོ་རྗེ་སེམས་དེ་པའི་ཞལ་ནས། དགའ་ར་བ་རྡོ་རྗེ་ངས་འཇིག་རྟེན་གྱི་ཁམས་སུ། ལོ་ཉི་ཤུ་ལོན་ནས་སྤྲུལ་པའི་སྲུང་བཞུགས་སོ།། སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ལོན་ནོ།། ཞེས་ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ།། དེ་ནས་རིམ་པར་བཟུད
34b7 ནས། ལྕེ་བཙུན་གྱིས་འཆད་པ་ལྷག་ཅན་དུ་སྦས་སོ།། དེ་ནས་ལྕེ་སྒོམ་ནག་པོར་བཏོན་ནས། ཕྱི་སྐོར་ནད་སྐོར་གསང་སྐོར་གསུམ་བྱོན་ནོ།། གསང་སྐོར་བླ་ན་མེད་པ་འབྲས་བུ་རིན་པོ་ཆེའི་སྐོར་འདི་མི་ལ་བྱིན་རེ་སྐན། ས་མ་ཡཱ། ནར་ཀན་རྫོགས་སོ།། །། རྒྱ་རྒྱ་རྒྱ།




iiif viewer powered by OpenSeadragon

34a - 35a

Texts on this page

Gdg025.7 - sangs rgyas thams cad kyi bu gcig po'i rgyud/ gsang ba'i sgrib pa gcod par bstan pa'i sa bon gyi rgyud