| | e-texts navigator
|
306b1 རློས་པ་ངས་རྒྱས་ཐམས་པ་པགི་ཟུང་བས། ཟང་ན་བ་སེམས་བྱང་ཐམས་པ་སྟན་གཟུགས་ནས་བླགས་དང་།། ཞེས་བྱང་ཆུབ་སམས་ཅམ་མང་བསྐོལ་མའི་མ་སྐྱེ་རྒྱང་ལས། བྱས་བྱ་མེད་པའི་ཐེག་པ་བསྟན་པའི་ནང་ནས། དྲང
306b2 དགེ་པའི་རྡོརྗེ་འཆང་ཆེན་པོ་དང་། སྤྲུལ་པའི་སངས་རྒྱས་རེ་ངེས་མཛད་པས། སོ་སོའི་ཛིན་བསྟན་ཚུལ་ཅི་ལེའུ་སྟེ་ལྔ་པ་ལ།། ། རྨ་ཐ་མཇིང་བསྣོལ་མཐའི་མུན་སེལ་ཅེས་བྱ་བ་རྫོགས་སོ།།
306b3 རཱུ་ཀར་སྐད་དུ། དྲྀ་ཐཱསརྦ་རཱ་ཛས་མན་ཏེ་ཐངྒ་སད་མཐུར་མཏན། བོད་སྐད་དུ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་དབ་ལ་རང་གནས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེམས་ཀྱི་རང་བཞིན་གུང་ཡིན་པ་དེ་ལ་ཕྱག་འཚལ་ལོ།།
306b4 འདི་སྐད་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། སངས་རྒྱས་དང་སེམས་ཅན་དང་ཇི་ལྟར་སྣང་བའི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ཆེ་བའི་འཁོར་དུ་སངས་མ་རྒྱས་པ་མེད་པ་ལ། དེ་ནས་ཐམས་ཅད་ཉིད་ལས་མི་གཞན་པའི་ཀུན་ཏུ་བཟང་པོའི་འཁོར་དུ་གྱུར་པས
306b5 སྐད་དུ་ཉིད་ལ་གླེང་བསླང་ངོ་།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་སེམས་ཀུན་ཏུ་བཟང་པོ་ལ་ཞུགས་ནས་ཆོས་ཉིད་ཀུན་ཏུ་བཟུང་པོ་ལ་ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ། ཀུན་ཏུ་བཟང་པོ་ཆེ་བ་དང་ལ་གནས་པའི་ཆུང་འདི་བཀའ་སྩལ་ཏེ།། རྣལ་འབྱོར་གང་ཞིག་རྟོགས་འདོད
306b6 པས།། ཀུན་ཏུ་བཟང་པོའི་རྒྱུད་འདི་ཉིན།། འདི་དག་ཤེས་པར་སུ་འདོད་པ།། ངེས་པར་ལྡེང་འདི་བསྟན་པར་བྱའོ།། དེ་ནས་ཡང་དེ་ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱིས་གསོལ་པ། ཆོས་རྣམས་སེམས་ཀྱི་སྤྱོད་ཡུལ་ལས།། ཐམས་ཅད་མང
306b7 རྒྱས་ཉིད་དུ་བསྟན།། ཀུན་ཏུ་བཟང་པོའི་རང་བཞིན་ལས།། རྣལ་འབྱོར་ཀུན་གྱི་དབང་ཕྱུག་རྒྱ།། གསང་བའི་གསང་ཆེན་ངེས་པའི་དོན།། ཉིད་ཀྱི་ཐུག་ལས་ཕྱུང་བ་འདི།། སྡོད་ལྡན་རྣམས་ལ་བསྟན་དུ་གསོལ།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ
iiif viewer powered by OpenSeadragon
306a - 307a